R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • ཤོག་ལྷེ། (མ་དཔེ། A): ༤༡༢
[A:༤༡༢]ཤྲཱི། རྟོག་བྱང་ཆུབ་གནས། སོ་ཤར་མཆེད་གསུམ། སྤྱིལ་ཕུ་བ་གཉིས། དྲེ་ལྷས་པ་རྡོ་རྗེ་དཔལ། སངས་རྒྱས་སྒོམ། མཆིམས་ནམ་མཁའ་གྲགས། སློབ་དཔོན་བསོད་ཡེས། བསོད་གྲགས་པ། གྲགས་ཚུལ་བ། རྒྱལ་བཟང་པ། སེང་གེ་རྒྱལ་མཚན་པཆོས་རྗེ་པ། དེས་བདག་ལའོ།། ༈ །ཆོས་ཆུང་གསན་ཡིག་ན་མེད་པ་དཔེ་དངོས་ཀྱི་དཀར་ཆག་ལ་ཡོད་པ་ལ། ཐ་པ་ལ་ཇོ་བོས་མཛད་པའི་ཚུལ་ཁྲིམས་ཀྱི་སྤྱོད་པ་གླུར་བླང་བ། པ་པ་ལ་ཇོ་བོས་མཛད་པའི་བྱང་ཆུབ་སེམས་ལས་དང་པོ་པའི་ལམ་ལ་འཇུག་པ། ཡོ་གཉིས་པ་ལ་ཛེ་ཏ་རིས་མཛད་པའི་མཎྜལ་ཆོ་ག ལོ་བཞི་པ་ལ་ཏིང་ངེ་འཛིན་མི་མཐུན་པའི་ཕྱོགས་རྣམ་པར་གཞག་པ་སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས་འབྱུང་བ། ཧོ་བདུན་པ་ལ་བདེ་བར་གཤེགས་པའི་གཞུང་རྣམ་པར་འབྱེད་པའི་ཚིག་ལེའུར་བྱས་པ་ཛེ་ཏ་རིས་མཛད་པ། ཧོ་བརྒྱད་པ་ལ་ཡོན་ཏན་བདུན་བསྟན་པའི་གཏམ་དབྱིག་གཉེན་གྱིས་མཛད་པ། ཨོ་པ་ལ་བསླབ་བཏུས་ཀྱི་རྩ་བ། དེ་གཉིས་པ་ལ་བསླབ་བཏུས་ཀྱི་མངོན་རྟོགས་ཇོ་བོས་
དཔལ་ལྡན་ཆོས
། མཛད་པ། བཞི་པ་ལ་འཕགས་པ་སཱ་ལཱུ་ལྗང་པའི་ཚིག་ལེའུར་བྱས་པ་ཀླུ་སྒྲུབ་ཀྱི་མཛད་པ། ས་པ་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་ཚིག་ལེའུར་བྱས་པ། དུ་པ་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་རྣམ་པར་བཤད་པ། ལེ་པ་ལ། བླ་ན་མེད་པར་བསྟོད་པ། བཅུ་པ་ལ། སྲིད་པ་ལས་འདས་པར་བསྟོད་པ། ཁེ་པ་ལ་ཁྱད་པར་འཕགས་བསྟོད་པ། འདི་རྣམས་ལོ་ཆེན་པྲ་ཛྙཱ་རཏྣ་ལས་མཉན་ཏེ་ཐམས་ཅད་ཚང་བར་ཡོད་དོ།། ༈ །།དཔེ་དངོས་ལ་མེད་པ་གསན་ཡིག་ན་ཡོད་པ་ལ། སྡོམ་པ་ཉི་ཤུ་པ་ཙནྡྲ་གོ་མིས་མཛད་པ། འདིའི་འགྲེལ་པ་ཞི་བ་འཚོས་མཛད་པ། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་བསྒོམ་རིམ་རྣམ་པ་གསུམ།
བར་པ་ཚར
། དབུ་མའི་མན་ངག་རིན་ཆེན་ཟ་མ་ཏོག་ཁ་ཕྱེ་བ་ཇོ་