R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • ཤོག་ལྷེ། (མ་དཔེ། A): ༤༢༧
[A:༤༢༧]ཐོབ་ཀྱི་གདམས་པ་ཐུན་མོང་མིན་པ་འཇིགས་བྱེད་སྐོར་གྱི་ལུང་བརྒྱུད་ནི། ཨུ་རྒྱན་པ། ཟླ་སེང༌། ར་ག་བྲག་པ། འབྲོམ་མདོ་བ་བཀྲས་དཔལ་བ། ནོར་བུ་བ་མན་འདྲ། ཡང་ན། ཨུ་རྒྱན་པ། མཁས་བཙུན་པ། འབའ་རྭ་བ། འབྲི་སྒོམ་པ་མན་འདྲ།
གསལ་བའི་སྒྲོན་མ་ཡང་ཟེར།
གསང་སྤྱོད་ཡིད་བཞིན་ནོར་བུ་ཨུ་རྒྱན་པའི་གསུང་སྒྲོས་ཟླ་སེང་གིས་ཟིན་བྲིས་བྱས་པའི་བརྒྱུད་པ་ནི། ཨུ་རྒྱན་པ། ཟླ་སེང༌། ར་ག་བྲག་པ། བཀྲས་དཔལ་མན་འདྲ། བསྙེན་སྒྲུབ་ཡན་ལག་དང་པོའི་སྒོམ་རིམ་སྙེ་མདོ་བ་དང༌། ཟླ་སེང་གིས་ཟིན་བྲིས་སུ་བྱས་པའི་བརྒྱུད་པའང༌། ཟླ་སེང༌། ར་ག་བྲག་པ། འབྲོམ་མདོ་བ་བཀྲས་དཔལ་མན་འདྲ། ༈ །བཙན་ཐབས་ཀྱི་ཁྲིད་ཡིག་རྡོ་རྗེ་ལུས་ཀྱི་མདུད་འགྲོལ་བཙན་ཐབས་ཀྱི་ཁྲིད་ཡིག་སྐྱ་རྒྱལ་ཆེན་མོ། བཙན་ཐབས་རྒྱན་ཅན་རྩ་འགྲེལ་གཉིས་རྣམས་དུས་འཁོར་བ་ཆོས་དཔལ་བཟང་པོས་མཛད་པའི་བརྒྱུད་པ་ནི། ཆོས་དཔལ་བཟང་པོ། རྟོགས་ལྡན་སྔོ་ཉལ་མ། ནོར་བུ་བ་མན་འདྲ། ༈ །རང་བྱུང་རྡོ་རྗེ་ནས་བརྒྱུད་པའི་གེགས་སེལ་གྱི་བརྒྱུད་པ་ནི། ཨུ་རྒྱན་པ། རང་བྱུང་རྡོ་རྗེ། བླ་མ་བ་ཡོ་བ། འབྲི་སྒོམ་པ་མན་འདྲ། ཡང་ན། རང་བྱུང་རྡོ་རྗེ། རྟོགས་ལྡན་རྒྱ་རིངས་པ། སངས་རྒྱས་དབོན་པོ། ནོར་བུ་བ་མན་འདྲ། ཨུ་རྒྱན་པ་ལ་ཡེ་ཤེས་ཀྱི་མཁའ་འགྲོ་མས་གནང་བའི་ལུས་སྦྱོངས་བཅུ་བདུན་མ་ཟླ་སེང་གིས་ཡི་གེར་བཏབ་པའི་ལུང་བརྒྱུད་ནི། ཟླ་སེང༌། ར་ག་བྲག་པ། འབྲོམ་མདོ་བ། ནོར་བུ་བ་མན་འདྲ། ༈ །རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱི་འཁྲུལ་འཁོར་ལས་སྟོད་པ་སྔགས་འཆང་པྲ་ཛྙཱའི་མིང་ཅན་གྱིས་བྱས་པའི་བརྒྱུད་པ་ནི། སྔགས་འཆང་པྲ་ཛྙཱའི་མིང་ཅན་དང༌། འབྲི་སྒོམ་པ་མན་འདྲ། ༈ །ཟབ་ལམ་སྙིང་པོ་རྡོ་རྗེ་གསུམ་གྱི་ཁྲིད་ཡིག་སྐྲེད་སྒོ་བར་མ་རྟོགས་ལྡན་རིན་པོ་ཆེ་གྲགས་པ་དཔལ་བཟང་གིས་མཛད་པའི་བརྒྱུད་པ་ནི། གྲགས་པ་དཔལ་བཟང༌། འབྲི་