R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • ཤོག་ལྷེ། (མ་དཔེ། A): ༤༢༩
[A:༤༢༩]བཟང༌། འབྲི་སྒོམ་བསོད་བཀྲས་མན་འདྲ། ཡང༌། བསྙེན་སྒྲུབ་ཀྱི་ས་བཅད་བདུད་རྩི་བུམ་པའི་བརྒྱུད་པའང་གོང་བཞིན་ནོ།། ༈ །ཨུ་རྒྱན་པའི་དབང་བཞི་བསྡུས་པ། གནད་ཀྱི་ཐོ་ཡིག་གི་རྩ་བ་དང༌། དེའི་འགྲེལ་པ་ལེགས་པ་དཔལ་བཟང་གིས་མཛད་པ་དབང་བཞིའི་བརྡ་དོན་ངོ་སྤྲད་པའི་ཐོ་ཡིག་གཉིས་ཀྱི་བརྒྱུད་པ་ནི། ཨུ་རྒྱན་པ། མཁས་བཙུན་པ། ལེགས་པ་དཔལ་བཟང༌། འབྲི་སྒོམ་པ་མན་འདྲ། གསང་བ་ཡེ་ཤེས་ཀྱི་རླུང་གི་ཞལ་གདམས། སྒྲ་གཅན་འཆིང་བ། རིགས་དྲུག་ས་བོན་སྲེག་བྱེད། གེགས་སེལ་སྨན་མཆོག་བདུད་རྩིའི་རྒྱ་མཚོ། འཕོ་བའི་གདམས་པ། རྫས་འཕོ་རྣམས་ཀྱི་བརྒྱུད་པ་ལེགས་པ་དཔལ་བཟང༌། འབྲི་སྒོམ་པ་མན་འདྲ། ༈ །ཡང༌། དབྱུག་པའི་ལག་ལེན་གྱི་གདམས་པ་རྒྱས་པ་ལེགས་པ་དཔལ་བཟང་གིས་མཛད་པའི་བརྒྱུད་པ་ནི། ཨུ་རྒྱན་པ། རི་ཁྲོད་པ། ཟླ་སེང༌། མཁས་བཙུན་འཇམ་དཔལ་རྒྱལ་མཚན། བླ་མ་སངས་རྒྱས་བཟང་པོ། ལེགས་པ་བ། འབྲི་སྒོམ་པ་མན་འདྲ། ༈ །རླུང་ལྟག་འཐེན་གྱི་གདམས་པ་ལེགས་པ་བས་ཟིན་བྲིས་སུ་བྱས་པའི་བརྒྱུད་པ་ནི། ཨུ་རྒྱན་པ། ཟླ་སེང༌། ལེགས་པ་བ། འབྲི་སྒོམ་པ་མན་འདྲ། ༈ །གསུམ་པ་ཐུགས་རྡོ་རྗེའི་སྐོར་ལ། རང་ལུས་ཐབས་ལེན། ཞལ་ཐབས་ལེན། ཞལ་གདམས་འཁྲུལ་འཁོར་དང་བཅས་པ། གཞན་ལུས་
དཔེ་མེད་ཀྱི་ཆ་ལག
ཀྱི་ཆ་ལག་སྙན་རྒྱུད་ཀྱི་གསུང་སྒྲོས་མཆོག་གིས་གདམས་པ། རང་དཔེ་མེད་ལུས་ཀྱི་ཆ་ལག་རྡོ་རྗེ་བསླང་ཞིང་གསོར་བའི་བདེ་བ་ལས། ཅེས་རྡོ་རྗེའི་ཚིག་ཤླཽ་ཀ་གཅིག་གི་འགྲེལ་པ་རྣམས་ཟླ་སེང་གི་ཟིན་བྲིས་སུ་བཏབ་པ། གཞན་ལུས་ཐབས་ལེན་གྱི་ཡན་ལག་གི་ཁྲིད་རིམ་ཨུ་རྒྱན་པའི་གསུང་གིས་སྒྲོས་ཇི་ལྟར་བྱོན་པ་བཞིན། ཟླ་སེང་གིས་ཡི་གེར་བྲིས་པ། གཞན་ལུས་ཀྱི་ཡན་ལག་ཟབ་ལམ་ནོར་ཕྲེང་རྩ་འགྲེལ་གཉིས། ཟབ་པའི་མན་ངག་བསྙེན་སྒྲུབ་སྐོར་ཞེས་པ། བྱང་