R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • ཤོག་ལྷེ། (མ་དཔེ། A): ༤༦
[A:༤༦]གྲགས། ས་ཆེན་པ། སློབ་དཔོན་པ། རྗེ་བཙུན་ཆེན་པོ། ཆོས་རྗེ་ས་པཎ། ཆོས་རྗེ་འཕགས་པ། གཡག་སྡེ་ལོ་ཙཱ། བླ་མ་སངས་རྒྱས་འབུམ། ལོ་ཙཱ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ བྲག་དམར་བ་ཚུལ་ཁྲིམས་སེང་གེ མཁན་ཆེན་གྲགས་པ་ཚུལ་ཁྲིམས། བཟད་པ་རིན་རྒྱལ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། ཆོས་རྒྱལ་འཕགས་པའི་ཡིག་ཆའི་སྟེང་ནས་ཞུས་པའི་བརྒྱུད་པ་ནི། ཕམ་ཐིང་པ་ཡན་སྔར་དང་འདྲ་བ་ལས། དེ་ནས་མར་པ་ཆོས་དབང༌། བློ་ལྡན་སེང་གེ ལོ་མཆོག བླ་མ་དཔལ་ལྡན་སེང་གེ བུ་སྟོན་པ། བླ་མ་ཤངས་པ་ཆོས་ཉིད་བཟང་པོ། བླ་མ་བསོད་རྒྱལ། ཆོས་རྗེ་ཚལ་མིན་པ། མཁན་ཆེན་སེང་གེ་དཔལ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། འཕགས་པ་ནས། ཞང་དཀོན་མཆོག་དཔལ། བྲག་ཕུག་པ། བླ་མ་ཆོས་ཉིད་མན་སྔར་བཞིན་ནོ། །ཡང༌། ཆོས་རྗེ་ས་པཎ་ནས། འཕགས་པ། རྒྱ་སྟོན་དབང་ཕྱུག་བརྩོན་འགྲུས། རྒྱ་སྟོན་ཀུན་དགའ་བརྩོན་འགྲུས། རྒྱ་སྟོན་བྱང་ཆུབ་བཟང་པོ། བླ་མ་མི་ཉག་འཕགས་པ། མཁན་ཆེན་སེང་གེ་དཔལ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། འཁོར་ལོ་བདེ་མཆོག་གྲུབ་པའི་དབང་ཕྱུག་ཆེན་པོ་དྲིལ་བུ་པའི་ལུགས་ཀྱི་ལུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་རྣལ་འབྱོར་མ། སློབ་དཔོན་རྡོ་རྗེ་དྲིལ་བུ་པ། རུས་སྦལ་ཞབས། ཛཱ་ལནྡྷ་ར།
འདི་ལ་རྒྱ་དཔེར་ཛཱ་ལནྡྷ་ར་སྣང་ངོ༌
། ནག་པོ་སྤྱོད་པ། གུ་ཧྱ་པ། རྣམ་རྒྱལ་ཞབས། ཏི་ལོ་པ། ནཱ་རོ་པ། ཕམ་ཐིང་པ་སྐུ་མཆེད། ཀློག་ཀྱ་ཤེས་རབ་བརྩེགས། མལ་གྱོ་བློ་གྲོས་གྲགས། ས་ཆེན་པ། སློབ་དཔོན་པ། རྗེ་བཙུན་ཆེན་པོ། ཆོས་རྗེ་ས་པཎ། ཆོས་རྗེ་འཕགས་པ། བླ་མ་དཀོན་མཆོག་ཤེས་རབ། བླ་མ་རིན་ཆེན་དཔལ་བཟང་པོ། ཆོས་རྗེ་འབར་ར་བ། བཟད་པ་རིན་རྒྱལ་བ། ཕ་ཆོས་ཀྱི་