R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • ཤོག་ལྷེ། (མ་དཔེ། A): ༤༨
[A:༤༨]རབ་ཀྱིས་མཛད་པའི་སྟེང་ནས། དབང་བཞི་རྫོགས་པར་ཞུས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ཏི་ལོ་པ། ནཱ་རོ་པ། མར་པ་ལོ་ཙཱ། མི་ལ་རས་པ། དྭགས་པོ་ལྷ་རྗེ། ཁམས་པ་རྡོར་རྒྱལ། གླིང་རས་པ། རྩང་པ་རྒྱ་རས། རྒོད་ཚང་པ། ཡང་དགོན་པ། སྤྱན་མངའ་རིན་ལྡན། བླ་མ་ཟུར་ཕུག་པ། བླ་མ་རྒྱལ་མཚན་འབུམ། རྟོགས་ལྡན་ཤེས་རབ་མགོན། བླ་མ་བསོད་ནམས་ཤེས་རབ། བླ་མ་ཆོས་སྒོ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ།
འདིའི་བླ་མ་རྒྱུད་པ་གཞན་ཅིག་ཡོད་པ་ཆད་འདུག་པས་སླར་ཚོལ་དགོས་སོ
། །ཡང༌། འཁོར་ལོ་བདེ་མཆོག་གི་བཤད་པའི་རྒྱུད། སྡོམ་པ་འབྱུང་བ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞུས་པའི་བརྒྱུད་པ་ནི་རྡོ་རྗེ་འཆང༌། ལཱུ་ཧི་པ། དཱ་རི་ཀ་པ། རྡོ་རྗེ་དྲིལ་བུ་པ། རུས་སྦལ་ཞབས། ཛ་ལནྡྷ་ར། དཔེ་མེད་མཚོ། རིན་ཆེན་འབྱུང་གནས་སྦས་པ། ཨ་བྷྱ་ཀ་ར། དགེ་བའི་འབྱུང་གནས། ལེགས་སྤྱོད་པ། རཏྣ་རཀྵི་ཏ། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ། གོ་ལུང་པ་མདོ་སྡེ་དཔལ། ཤོང་བློ་བརྟན། ལོ་ཙཱ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ བུ་སྟོན་ཆོས་རྗེ། ལོ་ཙཱ་བ་རིན་རྣམ་པ། བདེ་མཆོག་པ་བསོད་ནམས་དཔལ་བཟང་པོ། བཟད་པ་རིན་རྒྱལ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། བདེ་མཆོག་གི་རྫོགས་རིམས་རིམ་པ་ལྔའི་དང་པོ་བདག་བྱིན་གྱིས་བརླབ་པའི་བཀའ་དང་རྡོ་རྗེ་དྲིལ་བུ་པས་མཛད་པའི་གཞུང་གི་ལུང་གནང་བ་འདིའི་བླ་མ་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་རྣལ་འབྱོར་མ། སློབ་དཔོན་རྡོ་རྗེ་དྲིལ་བུ་པ། རུས་སྦལ་ཞབས། ཛ་ལནྡྷ་རི་པ། ནག་པོ་སྤྱོད་པ། གུ་ཧྱ་པ། རྣམ་རྒྱལ་ཞབས། ཏི་ལོ་པ། ནཱ་རོ་པ། ཕམ་ཐིང་པ་སྐུ་མཆེད། ཀློག་ཀྱ་ཤེས་རབ་རྩེགས། མལ་གྱོ་བློ་གྲོས་གྲགས། ས་ཆེན་པ་ཡབ་སྲས་གསུམ། ཆོས་རྗེ་ས་པཎ། འཕགས་པ། ཁྲོ་ཕུ་རིན་པོ་ཆེ། བླ་མ་དཔལ་ལྡན་སེང་གེ བླ་