R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • ཤོག་ལྷེ། (མ་དཔེ། A):
[A:༡] ༄། །རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ་བཞུགས།། ༈ ཐོག་མར་བྲག་ཐོག་ཆོས་རྗེ་ལ་ཇི་ལྟར་གསན་པའི་སྐོར། ཀྱཻ་རྡོ་རྗེ་མན་ངག་དང་མཐུན་པའི་བིརྺ་པའི་ལུགས་ཀྱི་དབང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བདག་མེད་མ། བིརྺ་པ། ནག་པོ་པ། ཌཱ་མ་རུ་པ། ཨ་ཝ་དྷཱུ་ཏཱི་པ། ག་ཡ་དྷ་ར། འབྲོག་མི་ཤཱཀྱ་ཡེ་ཤེས། སེ་མཁར་ཆུང་པ། ཞང་དགོན་པ་བ། ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ས་སྐྱ་པཎ་ཆེན། ཆོས་རྗེ་འཕགས་པ། པཎྜི་ཏ་རྡོ་རྗེ་ཤེས་རབ། བླ་མ་འཕགས་པ་རྒྱལ་མཚན། བླ་མ་རིན་ཆེན་དཔལ་བཟང་པོ། དྲུང་ཆོས་ཀྱི་རྗེ། མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་ཆོས་སྒོ་བ། ཕ་
བསོད་ནམས་བཟང་པོ་
ཆོས་ཀྱི་རྗེ། དེས་བདག་ལའོ། ༈ །ཡང༌། ཆོས་རྗེ་འཕགས་པ། ཚོགས་བསྒོམ་ཆེན་པོ། ཉན་ཆེན་བསོད་ནམས་བརྟན་པ། ཆོས་རྗེ་ནམ་བཟའ་བྲག་ཕུག་པ། ཆོས་རྗེ་བླ་མ་དམ་པ། ས་བཟང་པཎ་ཆེན། ཐེག་ཆེན་ཆོས་ཀྱི་རྒྱལ་པོ། བཟད་པ་རིན་རྒྱལ་བ། ཕ་ཆོས་རྗེ། དེས་བདག་ལའོ། །ཡང༌། ༈ ཉན་ཆེན་པ་ལ། ཆོས་རྗེ་སྤང་ཁང་པ། མཁན་ཆེན་ལྷ་དབང་པ། བླ་མ་དཔལ་ལྡན་བསོད་ནམས། བཟད་པ་རིན་རྒྱལ་བ། ཕ་ཆོས་རྗེ། དེས་བདག་ལའོ། །ཡང༌། ནམ་བཟའ་པ་བསོད་ནམས་དཔལ། ཆོས་རྗེ་ཡེ་ཤེས་དཔལ། ཆོས་རྗེ་བློ་གྲོས་བཟང་པོ། མཚུངས་མེད་ཆོས་ཀྱི་རྗེ་སེང་གེ་དཔལ་བཟང་པོ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ།
།ཡང༌། ༈ །ཀྱཻ་རྡོ་རྗེ་ལུས་དཀྱིལ་གྱི་དབང་གི་བརྒྱུད་པ་ནི། འཕགས་པ་ཡན་སྔར་དང་འདྲ་བ་ལ། ཞང་དཀོན་མཆོག་དཔལ། ནམ་བཟའ་བྲག་ཕུག་པ། ཆོས་རྗེ་བསོད་རྒྱལ་