R2: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད།

  • ཤོག་ལྷེ། (མ་དཔེ། B): 7a
[B:7a]༄༅། །རས་རབ་ཏུ་ཡངས་པ་ཐུའི་གདུང་
རྒྱུད་བཅུ་བདུན་པ་མིའི་དབང་པོ་ལྷ་སྲས་དཔོན་ཆེན་ངག་དབང་ཀུན་དགའ་བསོད་ནམས་རྒྱལ་པོངག་དབང་བསོད་རྣམས་རྒྱལ་པོཞེས་པས་མཛད་པའི་ཐུའི་གདུང་རབས་རྒྱས་པ་ལས་རྟོགས་པར་བྱའོ།
དེ་ལ་བདག་ཉིད་ཆེན་པོ་འདི་ཉིད་ནི་ཡབ་རྗེ་རྒྱལ་བ་ཤེས་རབ་ཅེས་པ་ས་ཆེན་ཆོས་བཞིན་སྐྱོང་བར་མཛད་པ་དེ་དང་། ཡུམ་སྐྱེ་དགུའི་བདག་མོ་དཔལ་ལྡན་རྡོ་རྗེ་བདེ་མ་ཞེས་པ་ལུགས་གཉིས་ཀྱི་འཁོར་ལོ་བསྒྱུར་བའི་དབང་མོ་དེ་གཉིས་ཀྱི་སྲས་སུ་གྱུར་པ་ཡིན་ཏེ། Auspicious signs in mother's dream དེ་ཡང་ལྷུམས་སུ་ཞུགས་པའི་དུས་སུ་ཡུམ་གྱི་[A:17]མནལ་ལམ་དུ། ལྷ་བུ་གཞོན་ནུ་རིན་པོ་ཆེའི་ཏོག་གི་རྒྱལ་མཚན་ལག་ཏུ་ཁྱེར་བ་ཞིག་དྲུང་དུ་བྱུང་སྟེ། "བདག་ལ་གནས་གཡོར"་ཞེས་པ་དང་། དཔའ་པོ་གོ་མཚོན་ཐོགས་པས་ཕ་རོལ་པོའི་དཔུང་ཚོགསཚུགས་བཅོམ་པ་དང་། རེས་འགའ་མཆོད་རྟེན་བཞེངས་པ་དང་། རེ་འགའ་སྐུ་ལ་ཉི་མ་ཤར་བ་དང་། རེས་འགའ་གསུང་ཀྱི་ཁྲི་ལ་འདུག་པ་དང་། རེས་འགའ་སྐུ་འཇའ་འོད་དུ་སོང་བ་དང་། རེས་འགའ་སྐྱེ་བོ་མང་པོས་བཀུར་སྟི་བྱེད་པ་ལ་སོགས་པའི་མཚན་ལྟས་བཟང་པོ་མང་དུ་བྱུང་ཞིང་། ཡུམ་འདི་སྔ་ནས་དགེ་བའི་ཐུགས་སྟོབས་དང་ལྡན་བཞིན་པ་ལས། ཁྱད་པར་དུ་མངལ་གྱི་ཁུར་འཛིན་པའི་དུས་སྔར་ལས་ཀྱང་ཆེས་ལྷག་པར་དཀར་ཕྱོགས་ལ་གཏོང་ཕོད་དང་ལྡན་པ་སོགས་དགེ་བའི་བྱ་བ་མཐའ་དག་ལ་སྤྲོ་བ་ངང་གིས་འཕེལ་ཞིང་།སྐུ་ལུས་བདེ་བས་ཁྱབ་པ་བྱུང་ངོ་། དེའི་དུས་ཡར་འབྲོག་སྒྲུབ་ཆེན་མ་ཞེས་པ་གྲུབ་པའི་མཚན་མ་མངོན་དུ་གྱུར་པ་ཞིག་གིས། "ཁྱེད་ཀྱི་སྐུ་ལུས་འདི་ལ་སྤྲུལ་པའི་སྐྱེས་ཆེན་ཞིག་བཞུགས་པས་དེ་བལྟམས་པ་ན་སྐུ་ལ་འདི་ཡུན་དུ་ཐོགས་རྟེན་འབྲེལ་ལེགས་པོ་ཡོད"་ཅེས་སྤོས་ཤེལ་རྡོག་པོ་གཅིག་གནང་བ་ལས། ཕྱིས་ཀྱང་རབ་ཏུ་མ་བྱུང་གི་བར་སྐུ་ལ་[A:18]ངེས་པར་ཡོད་ཅེས་གྲག་གོ། Birth as a prince at rGyal chen gling དེ་ནས་མངལ་གྱི་ཚད་བདུན་ཕྲག་སོ་བརྒྱད་རྫོགས་ཏེ་ཟླ་བ་དགུ་ཚང་བར་ཉེ་བ་རྒྱ་གར་བའི་ལོའི་མིང་ཡོངས་