R2: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད།

  • ཤོག་ལྷེ། (མ་དཔེ། B): 38a
[B:38a]སྐདསྐས་རིས་ཀྱི་ཚུལ་དུ་བཀོད་པ་སོགས་གཞན་ལས་ཁྱད་པར་དུ་འཕགས་པས་སྒྱུ་འཕྲུལ་གྱི་སྣང་བརྙན་དུ་མཆོད་པའི་སྤྲིན་ཕུང་དང་བཅས་ཏེ་བཞུགས་པའོ།
Bla ma lha khangSet of Lam 'bras Lineage Masters །དེའི་སྟེང་ཐོག་བླ་མ་ལྷ་ཁང་ཞེས་པ་དབུས་ན་ཀ་རིང་བཞི་[A:120]དང་བཅས་པའི་ཀ་ཚད་བཅུ་དྲུག་གིས་ཕུབ་པ་ན། རྒྱུད་སྡེ་ཆེན་པོ་བཞིའི་དབང་རྒྱུད་མན་ངག་དང་བཅས་པ་རྣམས་ཀྱི་བླ་མ་བརྒྱུད་པ་རབ་འབྱམས་ཀྱི་སྐུ་བཞུགས་པ་ལས། ཐོག་མར་རྒྱུད་སྡེ་རིན་པོ་ཆེ་རྣམས་ཀྱི་ཡང་སྙིང་། གསང་སྔགས་རྡོ་རྗེ་ཐེག་པ་བ་རྣམས་ཀྱི་གསང་ལམ། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་མན་ངག་གི་བླ་མ་བརྒྱུད་པའི་སྐུ་རྣམས་འབུར་དོད་དུ་བཞུགས་པ་ལ། དབུས་ན་
1
རིགས་དྲུག་པ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ཕུན་སུམ་ཚོགས་པ་ལྔའི་བདག་ཉིད་དུ་བཞུགས་སོ། ། དེའི་གཡས་གཡོན་གྱི་ཕྱོགས་སྤེལ་ནས་རིམ་པ་བཞིན།
2
རྒྱལ་བ་ཐམས་ཅད་བསྐྱེད་པར་བྱེད་པའི་ཡུམ་རྡོ་རྗེ་བདག་མེད་མ་དང་།
3
ས་དྲུག་པ་མངོན་དུ་གྱུར་པའི་རྣལ་འབྱོར་གྱི་ དབང་ཕྱུག་བིཪྺ་པ་དང་།
4
བརྟུལ་ཞུགས་ཀྱི་སྤྱོད་པས་ཚར་བཅད་པ་དང་རྗེས་སུ་འཛིན་པ་ལ་དཔའ་བ་གྲུབ་ཆེན་ནག་པོ་པ་དང་།
5
བདེ་སྟོང་དབྱེར་མེད་པའི་སྒྲ་སྒྲོག་པ་ལ་བརྩོན་པ་ཌཱ་མ་རུ་པ་དང་།
6
གཉིས་སྤངས་ཀྱི་སྤྱོད་པས་གཞན་དོན་ལྷུར་ལེན་པ་ཨ་ཝ་དྷཱུ་ཏི་པ་དང་།
7
གདམས་པ་ཟབ་མོའི་བདུད་རྩིས་གངས་ཅན་པ་རྣམས་འཚོ་བར་མཛད་པ་ག་ཡ་དྷ་ར་དང་།
8
སྐད་གཉིས་སྨྲ་བའི་དབང་[A:121]པོ་གསང་སྔགས་ཀྱི་བདག་པོ་འབྲོག་མི་ཤཱཀྱ་ཡེ་ཤེས་དང་།
9
བླ་མ་ཉེ་བར་བསྙེན་པས་རང་གཞན་གྱི་དོན་གྲུབ་པ་སེ་སྟོན་ཀུན་རིག་དང་།
10
ཏིང་ངེ་འཛིན་ཟབ་མོ་ལ་དབང་འབྱོར་ཡང་སྦས་པའི་རྣལ་འབྱོར་ལ་གནས་པ་ཞང་སྟོན་ཆོས་འབར་དང་།
11
འཇམ་པའི་དབྱངས་དང་གཉིས་སུ་མ་མཆིས་པ་བརྩེ་བ་ཆེན་པོས་གདུལ་བྱ་རྗེས་སུ་འཛིན་པར་མཛད་པ་རྗེ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ་དང་།
12
ཤེས་བྱ་མཐའ་དག་ལ་མཁྱེན་རབ་ཀྱི་སྣང་བ་རྒྱས་ཤིང་འཇའ་ལུས་ཀྱི་སྐུ་བརྙེས་པ་སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ་དང་།
13
རྒྱུད་སྡེ་མ་ལུས་པ་ལ་མངའ་དབང་སྒྱུར་བས་རྡོ་རྗེ་འཛིན་པ་ཐམས་ཅད་ཀྱི་རྗེ་བོར་གྱུར་པ་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་དང་།
14
རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་པར་འཕྲུལ་པ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་དང་།
15
མཁྱེན་རབ་དང་ཐུགས་རྗེའི་མངའ་