[A:༡༠༨]འཇིགས་པར་གྱུར། ལ་ལས་མུ་སྟེགས་ཀྱི་རྣལ་འབྱོར་པ་ཡིན་ཟེར། ལ་ལས་སངས་རྒྱས་པའི་རྣལ་འབྱོར་པ་ཡིན་ཟེར། དེའི་ཚེ་ཝཱ་ར་ཎ་སཱིའི་རྒྱལ་པོ་གོ་ནནྟ་ཙནྡྲ་བྱ་བ་དེ་མུ་སྟེགས་པ་ལ་དད་པས་འདི་མུ་སྟེགས་པ་ཡིན་ན་འོ་བརྒྱལ་བས་ནང་དུ་གདན་འདྲེན་དགོས། སངས་རྒྱས་པ་ཡིན་ན་ཝཱ་ར་ཎ་སཱིར་གནོད་པ་སྐྱེལ་ཉེན་ཡོད་པས་བསྐྲད་དགོས་པས་རྟོགས་ཤིག་ཟེར་ནས་ཀུན་རྟོག་ཏུ་བཅུག་པས་མ་རྟོགས་ནས་རྒྱལ་པོའི་དྲུང་དུ་ཁྲིད་ལ་ཤོག་ཟེར་ཏེ། ཁྲིད་ནས་འོང་བའི་ལམ་དུ་འབུ་དང༌། ཕྱེ་མ་ལེབ་ལ་སོགས་པའི་སྲོག་ཆགས་མང་པོ་ཁར་བཅུག་པས། མི་རྣམས་ན་རེ། ངན་པ་ཟེར། ཁ་ནས་སྤུར་བས་ཀྱང་དེ་སྐད་ཟེར་བས། སློབ་དཔོན་གྱིས། སྲོག་ཆགས་མང་པོ་བསད་ཀྱང་ངན་པ་ཟེར། སྲོག་ཆགས་མང་པོ་གསོས་ཀྱང་ངན་པ་ཟེར། བདག་གིས་སྤྱོད་པ་ཇི་ལྟར་བྱ་བ་མ་ཤེས་སོ་ཞེས་གསུངས་ཏེ། རྒྱལ་པོའི་དྲུང་དུ་བྱོན་པ་དང༌། རྒྱལ་པོས་གང་ཡིན་ཡང་ཡང་དྲིས་པས་ལན་གང་ཡང་མ་བྱུང༌། རྒྱལ་པོ་ན་རེ། འདི་ལ་དབང་ཕྱུག་གི་ཡོན་ཏན་གྱི་རྟགས་གང་ཡང་མི་འདུག་པས་རྐང་ལག་ལྕགས་སྒྲོག་གི་བསྡོམས་ལ་ཆུ་ལ་སྐྱུར་ཅིག་ཟེར་ནས། དེ་ལྟར་བྱས་ཏེ་བསྐྱུར་བས་ལྕགས་སྒྲོག་ཆད་དེ་རྒྱལ་པོའི་དྲུང་དུ་སླེབས་བྱུང༌། ཡང་ཡང་དུ་དེ་ལྟར་བྱས་པས་ཡང་ཡང་ལོག་གིན་བྱུང་སྟེ། དེ་ལྟ་བུའི་སྤྱོད་པས་འགྲོ་བ་རྣམས་རྡོ་རྗེ་ཐེག་པའི་བསྟན་པ་ལ་བཀོད་དོ། །དེ་ལྟར་མཛད་ནས་ལྷོ་ཕྱོགས་བྷི་མེ་ཧ་འདུལ་དུ་གཤེགས་པའི་ལམ། རྒྱལ་པོ་བྷི་མེ་ཧ་རའི་ཡུལ་གངྒཱའི་འགྲམ་དུ་བྱོན་ཏེ། ཀོ་མཁན་ལ་སྒྲོལ་ཞེས་གསུངས་པས། རྔན་པ་འདོད་ཟེར་བས་རྔན་པ་སྦྱིན་རྒྱུ་མེད་བྱས་པ་དང༌། འཇིག་རྟེན་ན་རྔན་པ་སྦྱིན་རྒྱུ་མེད་ན་སྒྲོལ་བའི་ལུགས་མེད་ཟེར་ནས། ཁྱོད་ཚིམ་པར་བྱའི། སྒྲོལ་ཞེས་གསུངས་ཏེ། ཆུ་