[A:༣༤]ཞེས་བཀའ་བཀྱོན་མཛད་སྐད། དེ་ནས་ལོ་གཅིག་ཏུ་ཆོས་ནི་མ་གསུངས་པས་མ་མཇལ། འོན་ཀྱང་གསུང་ངག་ཅིས་ཀྱང་ཞུ་སྙམ་ནས། རྗེ་སེ་ས་ལོ་བདུན་སྒུག་གིན་བསྡད། ཇོ་མོའི་གཡོག་གུས་པར་བྱས་པས་མགུ་བར་བྱུང༌། ལན་ཅིག་ཚོགས་གྲལ་ཞིག་ཏུ་གླུ་ཤེས་པ་མེད་དམ། ཡོད་ན་ལོང་གསུང་བ་ལ། གཞན་ཤེས་པ་མ་བྱུང་བས། ཇོ་མོ་ན་རེ། ན་ནིང་གི་འབྲོག་ཆུང་དེ་གླུ་ཤིན་ཏུ་མཁས་པ་ཞིག་འདུག་སྟེ། དེ་འབོད་དམ་ཞུས་པས། བོས་གསུངས་ནས། བོས་ཏེ། ཁོང་གིས་གླུ་བླངས་པས་ཤིན་ཏུ་མཉེས་ཤིང༌། ཁྱོད་ད་རུང་བསྡད་ནས་ཅི་བྱེད་གསུང༌། གསུང་ངག་རིན་པོ་ཆེ་ཞུ་བ་ལགས་ཞུས་པས། ཆོས་འདོད་ན་ནོར་ཁྱེར་ལ་ཤོག་གསུངས་ནས། ཡུལ་དུ་ལོག་སྟེ་གནག་སུམ་ཅུ་ཙམ་ཡོད་པ་དེ་རི་ལ་རྩྭ་ཞག་བྱེད་ཟེར་ནས་ཞག་འགའ་བསྡད་ཀྱིན་ལོག་ནས་འོང༌། དེ་ལྟ་བུ་ལན་འགའ་བྱས་ཏེ། དེའི་བར་ལ་རྩིས་ལེགས་པར་བཏང་བས་ཁོ་རང་གི་ནོར་སྐལ་ལ་གནག་དེ་ཚོ་ཐོབ་པར་དགོངས་ནས། གནག་རྣམས་དེད་དེ་སྒྱེར་ཕུ་ནས་མར་བྱོན་ནས་གོས་རྐྱང་ཇག་དམར་རྐྱང་པ་གཅིག་ལས་མེད་པས་འཁྱགས་ཙ་ན་ཕྱུགས་མའི་སྐྱིབས་འཇོ་ཡིན་འོང༌། གཙང་པོ་ལས་ལྷ་རྩེའི་ཀོ་མཁན་ལ་སྒྲོལ་བྱས་པར། གནག་དྲུག་དྲུག་ལ་རེ་རེ་འདོད་ཟེར་བས། དེ་བྱིན་ན་བླ་མ་ལ་འབུལ་རྒྱུ་མི་འོང་སྙམ་ནས་གཏོར་མ་གཅིག་བྱས་ཏེ། བླ་མ་དང་ཆོས་སྐྱོང་ལ་གསོལ་བ་བཏབ་ནས་ཆུུ་ལ་བརྒྱབས་པས། འབྲི་ཟལ་མོ་གཅིག་གིས་སྣ་དྲངས་ཏེ་སོང་བའི་རྟིང་མ་གཅིག་གི་མཇུག་མ་ལ་འཇུས་ནས་ཕྱིན་པས་ཆུ་ལས་ཐོན་ཏེ། མུ་གུ་ལུང་དུ་ཕྱིན་ནས་གནག་རྣམས་བླ་མ་ལ་ཕུལ་ཏེ་གསུང་ངག་ཞུས་པས། བླ་མའི་ཞལ་ནས། འབུལ་བ་ཆེན་པོ་མ་ཡིན་ཏེ། ང་ཡུལ་ཕུ་གསུམ་