R214: བླ་མ་བརྒྱུད་པའི་རྣམ་པར་ཐར་པ་ངོ་མཚར་སྣང་བ།

  • ཤོག་ལྷེ། (མ་དཔེ། A): ༧༤
[A:༧༤]ཏེ། ནམ་ཕྱེད་བར་དུ་ཐུགས་དམ་གྱིས་དུས་འདའ། དེ་ནས་ཐོ་རངས་སྔ་མོར་ན་བཟའི་འཚགས་མཛད། དགུན་ཡིན་ཡང་སྐུ་རེགས་གིས་བུམ་པ་དྲིལ་ནས་ཐོ་རངས་ཁྲུས་མཛད་ནས་ཐུགས་དམ་ལ་འཇུག །ཆོས་གསུངས་པའི་དུས་སུའང་ཆོས་གསུངས་དུ་བྱོན་པ་ལ་ཀྱེ་རྡོ་རྗེ་སྒོམ་གྱིན་བྱོན་ནས་ཁྲི་ཐོག་ཏུ་ཕེབ་པ་དང་དབུ་རྒྱན་ལ་རིགས་བདག་ཚར་ཡང་ཆོས་གཏོར་དེ་ལ་ཐུན་གཏོར་གྱི་དོད་མཛད། ཆོས་གསུངས་པ་ལ་བཟླས་པ་མཛད། ཆོས་ཐོན་པ་དང་ཡར་ལམ་བདེ་མཆོག་ཅིག་སྒོམ་གྱིན་གཤེགས། མདོར་ན་ཉིན་ཞག་ཕྲུགས་རེ་ལ་དཀྱིལ་འཁོར་མི་འདྲ་བ་བདུན་ཅུ་ཙམ་རེ་བསྒོམས། གཞན་ཡང༌། ཡང་ན་ཐུགས་དམ། ཡང་ན་གཟིགས་རྟོག །ཡང་ན་ཆོས་གསུངས་པ་མ་གཏོགས་པ་སྐུ་གསུང་ཐུགས་ཐ་མལ་དུ་བཞུགས་པ་སུས་ཀྱང་མཐོང་མ་མྱོངས་སྐད། གསུམ་པ་ལ་བཤད་པ་མཛད་པ་ནི། གཞུང་ཇི་ལྟར་དཀའ་ཞིང་མ་འདྲིས་ཀྱང་སྔར་བལྟ་མི་དགོས་པར་ངག་འདོན་ལེན་པས་སློབ་མ་རྣམས་ཀྱིས་རྟོགས་སླ་བ་དང༌། བསྟན་བཅོས་བརྩམས་པ་ན་སྡེབ་སྦྱོར་གཙོ་བོར་མི་མཛད་པར་ཕན་པ་ལྷུར་མཛད་མོད་ཀྱི། བརྗོད་བདེ་ཞིང་རྟོགས་སླ་ལ་རྣ་བར་སྙན་པས་མཁས་པར་རྣམས་ཀྱི་ཡིད་འཕྲོག་པ་དང༌། གཞན་གྱིས་བརྩད་ཅིང་དྲིས་པ་ན་སྤོབས་པ་མི་ཐོགས་པར་ལུང་རིགས་ཀྱི་སྒོ་ནས་ཆོས་དང་མཐུན་པར་ལན་འདེབས་པས་ཕ་རོལ་པོའི་ལོག་རྟོག་སེལ་བ་དང༌། ངོ་མཚར་བ་ཐོབ་པའང་ཡི་དམ་ལྷས་བྱིན་གྱིས་བརླབས་པ་དང༌། བསམས་ན་ཤེས་པའི་མངོན་ཤེས་དང༌།
ཆོས་རྗེ་པ་བྱང་ངོས་སུ་འབྱོན་པར་ལུང་བསྟན།
ལྷ་ཀླུ་དག་གིས་དྲིས་པའི་ཐེ་ཚོམ་སེལ་བ་དང༌། དགོས་པ་ཁྱད་པར་ཅན་གྱི་ཚེ་ལྷ་ཀླུ་ལ་སོགས་པ་ཇི་ལྟར་བསྒོ་བ་བཞིན་ཉན་པ་དང༌། ཉིད་ཀྱིས་ཀྱང་རྟོགས་པར་