R330: གོང་དཀར་ཆོས་སྡེ་དགོན་པའི་ལོ་རྒྱུས་རགས་བསྡུས་རིན་ཆེན་དོ་ཤལ།

  • ཤོག་ལྷེ། (མ་དཔེ། A): 12a
[A:12a]ལ་གུར་དཀར་ཉི་མའི་དཀྱིལ་འཁོར་ཞེས་པ། གར་གྲངས་བཞི་ཞེ་ལྔ་གར་འཆམས་མཛད། ཉིན་གཉིས་པར་སྟ་གོན་གྲུབ་ནས་དཀྱིལ་འཁོར་བཞེངས། དངོས་གཞི་ཉིན་བདུན་རིང་ཉིན་ལྟར་རྒྱ་མཆོད་དང། ཚེས་བཅོ་ལྔའི་ཉིན་སྟོང་མཆོད་དང། ཆོས་གར་ལ་དགེ་འདུན་ཞལ་གྲངས་དྲུག་ཅུ་སྐོར་འཕེབ་དགོས། དེའི་སྔ་དྲོག་རྒྱལ་དབང་ཤཱཀྱ་ཐུབ་པའི་གོས་སྐུ་གདན་འདྲེན་ལ་དང་པོ་ཕྱག་དར་དཀར་པོ་སོགས་ལྷ་ལྡན་ཚོགས་མཆོད་སེར་ཕྲེང་དང་ཧ་ལམ་འདྲ་བས་རྔ་ཆེན་དང་གར་ཆུང་ལ་སོགས་འཆམས་རིགས་དང། གཞན་ཡང་འཕན་གདུགས་རྒྱལ་མཚན་བླ་རེ་དར་ལྡིང་ལ་སོགས་པའི་མཆོད་ཆོས་རྫས། དུང་རྒྱ་གླིང་སོགས་རོལ་ཆའི་རིགས་འབུད་སྐྲོལ་?ཞུས། ཕྱོགས་མཚམས་ཀུན་ནས་བསངས་དང་སྤོས་ལ་སོགས་ས་གཞི་ཁྱབ་པའི་དབུས་ན་གདན་དྲངས། གུར་ཁང་ལ་གོས་སྐུའི་སྐུ་མདུན་དུ་ཉེར་མཆོད་རྒྱ་གང་ཆེ་གཟབ་རྒྱས་ཐོག་རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད། རྫས་བརྒྱད་སོགས་དངོས་བཤམས་མཆོད་པའི་