R344: རྡོ་རྗེ་གདན་པའི་བུ་ཆེན་སློབ་རྒྱུད་རྣམས་ཀྱི་སྐུ་བསྟོད།

  • ཤོག་ལྷེ། (མ་དཔེ། A): 72
[A:72][B:༡ན]༄༅། །ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པའི་བུ་ཆེན་སློབ་བརྒྱུད་རྣམས་ཀྱི་སྐུ་བསྟོད་བཞུགས་སོ། །[B:༡བ]ཨོཾ་བདེ་ལེགས་སུ་གྱུར་ཅིག
མཁས་གྲུབ་རིག་པའི་གློག་འཕྲེང་
གང་ཡང་སྔོན་ནས་གོམས་པའི་ཤུགས་ཐོབ་པས། །གཞུང་ལུགས་ཀུན་ལ་མི་འཇིགས་སྤོབས་པ་ཅན། །མཁས་མང་འདུས་པའི་དབུས་ན་མངོན་མཐོ་བའི། །ཡོངས་འཛིན་མཁས་པའི་དབང་པོ་བསྟོད་པར་བགྱི། །
མཁས་གྲུབ་རྣམ་རྒྱལ་རིན་ཆེན་
རྣམ་དཀར་རྒྱལ་ཀུན་མཁྱེན་བརྩེ་ཡི། །རིན་ཆེན་ཅོད་པཎ་ལེགས་བཅིངས་ནས། །སྐལ་ལྡན་གདུལ་བྱ་སྨིན་མཛད་པའི། །དཔལ་ལྡན་བླ་མ་ལ་ཕྱག་འཚལ། །
མང་ཐོས་གླིང་པ
རྒྱུད་སྡེ་རྒྱ་མཚོའི་དབུས་གནས་ཤིང༌། །རྒྱལ་བ་རྒྱ་མཚོའི་ཐུགས་ཀྱི་སྲས། །གདུལ་བྱ་རྒྱ་མཚོའི་མགོན་གྱུར་པའི། །ཡོན་ཏན་རྒྱ་མཚོ་ལ་ཕྱག་འཚལ། །
ཐུགས་སྲས་ཀུན་དགའ་རྒྱལ་པོ་
རྒྱལ་བ་ཀུན་གྱི་མཁྱེན་བརྩེ་གཅིག་བསྡུས་པ། །འགྲོ་བའི་དགའ་ཚལ་དཔལ་འབྱོར་བཟང་པོ་ཅན། །གདུལ་བྱ་རྣམ་རོལ་རྒྱས་པར་འཁྲིད་མཛད་པའི། །མཚུངས་མེད་བླ་མ་ཆེན་པོར་ཕྱག་འཚལ་ལོ། །
རྒྱ་སྟོན་བྱང་ཆུབ་དབང་རྒྱལ་
དུས་གསུམ་རྒྱལ་སྲས་བྱང་ཆུབ་བརྙེས་པའི་ལམ། །ཐེག་མཆོག་དབང་བཞིའི་རྒྱལ་ཐབས་ལ་བརྟེན་ནས། །རིམ་གཉིས་ཟབ་མོའི་ངང་ལས་མི་གཡོ་བའི། །མཚུངས་མེད་བླ་མའི་ཞབས་ལ་ཕྱག་འཚལ་ལོ།
འབྲས་སྤུངས་ཚེ་དབང་བཀྲ་ཤིས
ཚེ་དཔག་མེད་སོགས་རྒྱལ་བ་ཀུན་གྱི་དངོས། །དབང་ཕྱུག་བརྒྱད་ལྡན་ཁྱབ་བདག་འཁོར་ལོའི་མགོན། །བཀྲ་ཤིས་