R344: རྡོ་རྗེ་གདན་པའི་བུ་ཆེན་སློབ་རྒྱུད་རྣམས་ཀྱི་སྐུ་བསྟོད།

  • ཤོག་ལྷེ། (མ་དཔེ། A): 73
[A:73]ཕུན་ཚོགས་ཀུན་སྩོལ་ཡིད་བཞིན་ནོར། །རྗེ་བཙུན་བླ་མ་མཆོག་ལ་གསོལ་བ་འདེབས། །
འབྲས་བུ་གླིང་པ་ནམ་མཁའ་དོན་གྲུབ་
ནམ་མཁའི་མཐའ་མཉམ་འགྲོ་དྲུག་ཕ་མར་གཟིགས། །ངེས་དོན་བསྐྱེད་རྫོགས་ལྟ་གྲུབ་འབྲས་བུའི་ཆོས། །འགྲོས་བཞི་ཐིམ་ནས་ཆེ་བ་གསུམ་ལྡན་པའི། །མཁས་གྲུབ་རིན་པོ་ཆེ་ལ་གསོལ་བ་འདེབས། །
དཔལ་ཤཱཀྱ་ཀུན་དགའ་
ཤཱཀྱའི་དབང་པོའི་མཁྱེན་བརྩེའི་ནུས་མཐུ་སོགས། །དབྱེར་མེད་གཅིག་བསྡུས་ཀུན་དགའ་རྣམ་རྒྱལ་དཔལ། །གདམས་པའི་མཛོད་འཛིན་བྱང་ཆུབ་མཚན་ཅན་གྱི། །ཐུགས་ཀྱི་སྲས་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །
བདེ་བ་ཅན་པ་
ཀུན་མཁྱེན་བླ་མའི་ཚོགས་ཀྱིས་རྗེས་བཟུང་ནས། །གསུང་རབ་མདོ་སྔགས་ཀུན་ལ་སྔོན་སྦྱངས་པར། །རྣམ་དག་ལུང་དང་རིག་པའི་འོད་ཟེར་གྱིས། །རྒྱལ་བའི་བསྟན་པ་གསལ་མཛད་ཁྱོད་ཕྱག་འཚལ། །
པཎ་ཆེན་བདེ་བའི་རྡོ་རྗེ་
རྒྱལ་བའི་གསུང་རབ་རྒྱ་མཚོ་ཆེན་པོ་ལས། །ཟབ་དོན་སྙིང་པོའི་ནོར་བུ་ལེགས་བླངས་ཏེ། །ཅི་འདོད་འགྲོ་ལ་སྟེར་མཛད་བདེ་བའི་མཚན། །བཀའ་དྲིན་མཉམ་མེད་རྡོ་རྗེ་འཆང་ལ་འདུད། །
ཆོས་ཉིད་རྟོགས་པ་ཨོ་རྒྱན་རྒྱལ་པོ་
རྒྱ་ཆེན་གཞུང་ལུགས་ཨོ་རྒྱན་བཀའ་བཞིན་དུ། །ལེགས་པར་བསྒྲུབས་པས་རྒྱལ་བ་རྒྱ་མཚོ་མཉེས། །དཔག་ཡས་མཛད་པ་ལྷུན་གྱིས་གྲུབ་པ་ཡི། །ཆོས་ཀྱི་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་ལོ། །
དམ་ཆོས་གླིང་པ་
ཡེ་ཤེས་མཆོག་གི་རྣམ་རོལ་རྡོ་རྗེ་འཆང༌། །གསང་སྔགས་འཛིན་པའི་དབང་ཕྱུག་མཁས་པའི་འཕྲུལ། །འཕྲིན་ལས་བཟང་པོས་འགྲོ་ཀུན་སྨིན་གྲོལ་ལམ། །འགོད་མཛད་རིན་ཆེན་བླ་མའི་ཞབས་ལ་འདུད། །
གླིང་བསྟོད་པ་ལྷ་དབང་བཀྲ་ཤིས་
ལྷར་བཅས་འགྲོ་བའི་སྐྱབས་གཅིག་པུ།