R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • ཤོག་ལྷེ། (མ་དཔེ། A): ༥༧༤
[A:༥༧༤]བ་རིའི་བོའི་ཕང༌། །བྱ་དང་རི་དགས་རྩེ་བའི་དོ་ར་མཆོག །གྲུབ་པ་རིག་འཛིན་དྲང་སྲོང་དགའ་བའི་ཚལ། །འབྲོག་དགོན་ཤིན་ཏུ་དབེན་པའི་བསྟི་གནས་གང༌། །
དགེ་སྦྱོར་འཕེལ་ཞིང་དངས་སྤྲོ་ཚུལ་སེམས་མེད་ཀྱི་རབ་བརྟགས་སྙམ་སྒྲ་ཅན་ནི།
ཏིང་འཛིན་ངང་གིས་འཕེལ་བ་སྲིད་ཉོན་གྱི། །གདུང་སྐྱོབ་དཔལ་གྱི་དུམ་བུའི་ལྡིང་ཁང་ཉིད། །ལྷོ་ཕྱོགས་མ་ལ་ཡ་ཡི་ནགས་ཀླུངས་ལས། །བྱང་ཕྱོགས་དཔལ་མོའི་རྒྱན་དུ་འཕོས་པ་སྙམ། །
ཤ་ཆང་ནག་གསུམ་མི་འགྲིམ་པའི་ཚུལ།
སྲིད་པའི་འདམ་རྫབ་ན་
བུད་མེད་
རིའི་བགྲོད་པ་དང༌། མཚན་
སྲིན་པོ་
རྒྱུ་སྲེད་བྱེད་ཁ་ཟས་མཾ་
ཤ་
སའི་དུམ། །མྱོས་འགྱུར་དུག་གི་
ཆང་
ཁུ་བའི་ཐིགས་པ་སྟེ། །ཉེས་བརྒྱའི་བསྐྱེད་རྩ་བདུད་ཀྱི་ལོངས་སྤྱོད་དག་
རང་བཞིན་བརྗོད་པའི་རྒྱན།
རྟག་པར་རིང་དུ་སྤོང་བ་
བཅའ་ཁྲིམས་དམ་བཅའ་ཚུལ་
ཁྲིམས་ཀྱི། །ར་བ་བརྩེགས་པའི་གོ་སྐབས་མི་ཕྱེད་པ། །ཞོ་
དྲང་སྲོང་
འཐུང་རུས་པའི་དུམ་བུ་གོ་བིནྡའི་
ནི་ཕྱུགས་བདག་སྟེ་ཁྱབ་འཇུག །
མཚོན་གྱི་འཁོར་ལོ་ཡིས་ཀྱང་གཞི་ནུས་མིན། །དཀར་གསུམ་མངར་གསུམ་
ཁ་ཟས་རྡོར་དཀར་ལ་བརྟེན་ཚུལ་
འཕགས་པ་དགེས་པའི་ཟས། །ཟླ་བའི་དུམ་བུ་བདུད་རྩིའི་ཟིལ་མངར་དང༌། །བཟའ་ཤིང་འཕུར་མ་བཟང་པོ་འགྲུངས་པའི་ཆབ། །ལྷ་ཡི་ཞལ་སྐྱེམས་བཏུང་བས་ཉེར་འཚོ་བའི། །
ཉམས་ལྡན་གྱི་རྒྱན། གླིང་གསེབ་ཏུའང་ཚུལ་ཁྲིམས་ཀྱི་དྲི་བྲོ་ཚུལ།
གཙང་སྦྱོངས་ས་ཧ་ཀ་རའི་སྙེ་མ་དག །ཡོངས་སུ་སྨིན་པའི་ཚུལ་ཁྲིམས་དྲི་བཟང་པོ། །ཕྱོགས་བརྒྱར་འཐུལ་བས་ལྷ་རྫས་སྤོས་ངད་ཀྱིས། །སྲིད་ལམ་དུབ་པའི་མགྲོན་པོ་དབུགས་འབྱིན་བཞིན། །
གཟུགས་ཅན་གྱི་རང་བརྟགས། གནས་སུ་སླེབ་པས་སྣང་བ་འགྱུར་ཚུལ།
གུགས་པའི་ཕོ་ཉས་མགྲོན་གཉེར་ལམ་རིང་གིས། །ངལ་བརྒྱའི་ཁུར་བཅས་ལམ་དུ་བགྲོད་མ་ཐག །ཐོས་བསམ་སྒོམ་པའི་བྱ་བ་ལྷུར་བྱེད་ལས། །ཚེ་འདིའི་ཟང་ཟིང་གཡེངས་པ་ངང་གིས་སྤོང༌། །
མ་འོངས་པ་འགོག་པ། འདོད་ལྡན་གྱི་སྐྱེ་བོ་མི་འདུ་ཞིང༌། །
བུད་ཤིང་ལ་སོགས་ཉེར་སྤྱད་བཙལ་དཀའ་བས། །བཟའ་བཏུང་རྙེད་བཀུར་ལྷུར་བྱེད་མི་འདུ་ཞིང༌། །དབང་ལུང་མན་