R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༣ན
[A:༡༡༣ན]སྟག་གི་ལོ་ཁྲུམས་ཀྱི་ཟླ་བའི་དཀར་ཕྱོགས་རྒྱལ་བ་དང་པོའི་ཚེས་ལ་བོད་ཀྱི་རྡོ་རྗེ་གདན་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོའི་ལྷ་ཆེན་རིག་འཛིན་ཕོ་བྲང་གི་རང་གཤོང་བསམ་གཏན་ཁང་བུ་འཆི་མེད་རྡོ་རྗེའི་གུར་ཁང་དུ་ལེགས་པར་སྦྱར་བའི་ཡི་གེ་པ་ནི་སྐྱེས་སྦྱངས་ཀྱི་ཉལ་སློང་
ཤེས་རབ་ཀྱི་མངོན་བརྗོད།
ཆེན་པོ་དང་ལྡན་པས་གསུང་རབ་མང་པོའི་མགྲིན་པ་ཅན་རབ་འབྱམས་སྨྲ་བ་དགེ་སློང་རྡོ་རྗེ་འཛིན་པ་བསམ་གཏན་རྒྱ་མཚོས་དད་གུས་ཀྱི་སྒོ་ནས་མགྱོགས་པར་བགྱིས་སོ། འདིས་ཀྱང་བདག་ཅག་དཔོན་སློབ་རྣམས་ཀྱིས་འདི་ཕྱིའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་རྒྱུར་གྱུར་ཅིག དྷརྨེ་ཨུ་ད་ཡ་མསྟུ།
ཆོས་འདི་དར་བར་གྱུར་ཅིག
ཀ་ལྱན་ལྦརྡྷནྟུ།
དགེ་ལེགས་འཕེལ་བར་གྱུར་ཅིག
སརྦ་མངྒ་ལཾ།།
ཐམས་ཅད་བཀྲ་ཤིས།། ༈ མཁན་ཆེན་ཨ་པད་རིན་པོ་ཆེའི་དགོངས་བཞེད་ལྟར་གུ་རུས་ཞབས་ཞུ་བགྱིས་པའོ།།