R412: ཀྱེའི་རྡོ་རྗེའི་རྣམ་བཤད་ཉི་མའི་འོད་ཟེར། པར་རྙིང་། མཇུག་བྱང་།

  • Pagination (Witness A): ༡༠༡ན
[A:༡༠༡ན][...]Colophon, ff. 100b6-101a7 Printing colophon, f. 101a3-7 །། ན་མོ་བ༹ཇྲ་དྷ་ར་ཡཿ རབ་གསལ་མཁྱེན་པའི་ཉི་འོད་སྟོང་ཕྲག་གིས། ། ལོག་པར་སྨྲ་བའི་ཉིན་སྤོང་ཕམ་མཛད་ནས། ། ཐུབ་བསྟན་པད་མོའི་ཚལ་ཀུན་རྒྱས་མཛད་པ། ། རིག་འཛིན་གཟའ་ཡི་བདག་པོ་རྒྱལ་གྱུར་ཅིག། ། ཟབ་མོ་རྡོ་རྗེའི་ཚིག་རྣམས་གསལ་བའི་སླད། དཔལ་ལྡན་བསོད་ནམས་རི་བོའི་རྩེ་མོ་ནས། ། མན་ངག་ཐུབ་པའི་གཞོན་པས་མཛེས་པའི་དཔལ། ། རྣམ་བཤད་ཉི་མའི་འོད་ཟེར་ཤར་བ་འདི། ། བསྟན་ལ་རིང་དུ་གནས་པར་བྱ་བའི་ཕྱིར། ། རབ་གསལ་པར་གྱི་ཡི་གེར་བསྒྲུབས་ཤིག་ཅེས། ། མཁྱེན་རྩེའི་སྤྱན་ཡངས་ས་ལ་སྤྱོད་པའི་སྲས། ། རིག་འཛིན་གྲ་ལྔ་རྒྱལ་པོའི་བཀས་བསྐུལ་ནས། ། གྲུབ་པའི་དབང་ཕྱུག་མར་རྔོག་གདན་སའི་མཆོག། ། སྤྲེ་ཞིང་ཆོས་ཀྱིས་འབྱོར་པའི་སྡེ་ཆེན་དུ། ། པར་ལ་མཁས་པའི་ཁྱུ་མཆོག་བཟོད་པ་འཕེལ། ། རྣམ་མང་ཡོན་གྱིས་མཆོད་ནས་གུས་པར་བསྒྲུབས། ། དགེ་བས་ངག་གི་དབང་ཕྱུག་ས་སྐྱ་པ། ། མཁས་མཆོག་བརྒྱུད་པརརྒྱུད་པར་བཅས་པའི་རིང་ལུགས་རྣམས། ས་དང་ནམ་མཁའིམཁའི་ཕ་མཐར་རྒྱས་གྱུར་ཏེ། ། རྡོ་རྗེ་ཐེག་པའི་ལམ་བཟང་གསལ་གྱུར་ཅིག ། ཁྱད་པར་ཆོས་རྒྱལ་གྲ་ལྔ་རྒྱལ་པོ་ཡི། ། རྣམ་དཀར་ཆོས་ཀྱི་མཛད་པ་རབ་རྒྱས་ཤིང། ། གང་གི་དྲིན་གྱིས་འགྲོ་ཀུན་སངས་རྒྱས་ཀྱི། ། གོ་འཕང་སྒྲུབ་ལ་གེགས་དང་བྲལ་གྱུར་ཅིག། འཇིག་རྟེན་ཀུན་དུ་ལོ་ཕྱུགས་ལེགས་པ་དང། ། ནད་མེད་ཕན་ཚུན་འཛ་བའི་སེམས་ཀྱིས་གནས། ། རྒྱུ་དང་མི་རྒྱུ་བདེ་ལེགས་ཀུན་ལྡན་ཞིང། ། ཆོས་ལྡན་འབྱོར་པའི་གཏེར་ལ་སྤྱོད་གྱུར་ཅིག། ༎