R495: རྔོག་ལོ་ཙྪ་བ་ཆེན་པོས་བསྟན་པ་ཇི་ལྟར་བསྐྱངས་པའི་ཚུལ་མདོ་ཙམ་དུ་བྱ་བ་ངོ་མཚར་གཏམ་གྱི་རོལ་མོ།

  • ཤོག་ལྷེ། (མ་དཔེ། A): 4b
[A:4b]འཆད་ཅིང་། ཟླ་བ་གྲགས་པ་འི་གཞུང་རྣམས་ནི་དེའི་ཚེ་མ་དར་ཤིང་། དབུ་མ་རྒྱན་སྣང་གསུམ་གྱི་ལུགས་བཞིན་དུ་འཆད་ཅིང་། དེ་དག་གི་མཁན་པོ་གསུམ་ལ་འང་དགག་པ་མི་མཛད། སངས་རྒྱས་ཀྱི་ཡེ་ཤེས་ལ། ཀུན་རྫོབ་ཀྱི་སྣང་པ་ཤར་བ་ཐམས་ཅད་ཀྱང་། འཁྲུལ་པའི་སྣང་བར་འཆད་ཅིང་། བློ་དེ་སྤངས་ཀྱང་། དགོས་དུས་སུ་མངོན་དུ་བྱས་པར་བཞེད། དེ་ལ་སྲས་ཀྱི་ཐུ་བོ་བྱུང་བ་ནི་བཞི་སྟེ།
I
་སྐུའི་གདན་ས་འཛིན་པ་ཞང་ཚེ་སྤོང་བ་ཆོས་ཀྱི་བླ་མ
II
་གསུང་གི་བསྟན་པ་རྫོགས་པར་འཛིན་པ་གྲོ་ལུང་པ་བློ་གྲོས་འབྱུང་གནས
III
་ཡུམ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་བཤད་སྲོལ་འཛིན་པ། འབྲེ་ཆེན་པོ་ཤེས་རབ་འབར
IV
་དབུ་ཚད་ཀྱི་བཤད་སྲོལ་འཛིན་པ། ཁྱུང་རིན་ཆེན་གྲགས་རྣམས་སོ།
I Zhang tsheg spong ba etc. དང་པོས་ph: =Iགསང་ཕུ་ནེའུ་ཐོག་གི་གདན་ས་ལོ་སུམ་ཅུ་རྩ་གཉིས་མཛད། དེ་རྗེས་མཉལ་པ་རི་ལུས་ལོ་གཉིས་མཛད། དེ་རྗེས་གནམ་འཕར་བས་ལོ་བརྒྱད། Phya pa དེ་རྗེས་ཕྱ་པ་ཆོས་ཀྱི་སེང་གེས་གདན་ས་ལོ་བཅྭ་བརྒྱད་མཛད། འདི་ལོ་ཆེན་གཤེགས་པའི་ལོ། ས་མོགླང་ལ་འཁྲུངས་ནས་རེ་གཅིག་པ་ས་མོ་གླང་ལ་གཤེགས། འདིས་དང་པོ་ཁྱུང་གི་སློབ་མ། རྒྱ་དམར་བ་བྱང་ཆུབ་གྲགས་ལ་དབུ་ཚད་གསན། ཕྱིས་གྲོ་ལུང་པ་ལ་ཕ་རོལ་དུ་ཕྱིན་པའི་མདོ་དང་། རྒྱན་སོགས་གསུང་རབ་ཡོངས་སུ་རྫོགས་པར་གསན། བསྙེན་པར་རྫོགས་པ་བྱ་འདུལ་གྱི་དྲུང་དུ་མཛད་ནས་འདུལ་བ་གསན། དཔེ་འགྲེམས་ཀྱི་གྲྭ་ལ་ལྔ་སྟོང་ཙམ་བྱུང་བར་གྲགས། དེའི་ནང་ནས་མཆོག་ཏུ་གྱུར་པ། གྲུབ་ཐོབ་མི་གསུམ། ཇོ་སྲས་མི་བཞི། ཤེས་རབ་ཅན་མི་གསུམ། སེང་ཆེན་བརྒྱད་རྣམས་སོ༎ དང་པོ་ནི་ph: =གྲུབ་ཐོབ་མི་གསུམ
I
རྗེས་དུས་གསུམ་མཁྱེན་པ
II
ཕག་མོ་གྲུབ་པ
III
གསལ་སྟོ་ཤོ་སྒོམ་རྣམས་སོ༎ ལ་ལ་ཞང་འཚལ་པ་ཡིན་ཞེས་ཟེར། གཉིས་པ་ནི་ph: =ཇོ་སྲས་མི་བཞི
I
ས་ཇོ་སྲས་བསོད་ནམས་རྩེ་མོ
II
མཉོས་ཇོ་སྲས་དཔལ་ལེ
III
ཁུ་ཇོ་སྲས་ནེ་ཙོ
IV
རྔོག་ཇོ་