R495: རྔོག་ལོ་ཙྪ་བ་ཆེན་པོས་བསྟན་པ་ཇི་ལྟར་བསྐྱངས་པའི་ཚུལ་མདོ་ཙམ་དུ་བྱ་བ་ངོ་མཚར་གཏམ་གྱི་རོལ་མོ།

  • ཤོག་ལྷེ། (མ་དཔེ། A): 5a
[A:5a]སྲས་ར་མོ་རྣམས་སོ༎ གསུམ་པ་ནི། ph: =ཤེས་རབ་ཅན་མི་གསུམ
I
རྐོང་པོ་འཇག་ཆུང
II
ལྷོ་པ་སྒོམ་གཟན
III
པར་བུ་བ་བློ་གྲོས་སེང་གེ་རྣམས་སོ༎ སྒོམ་གཟན་ནི་ph: =IIལྷོ་པ་ཐམས་ཅད་མཁྱེན་པར་གྲགས་པ་སྟེ། ལྷོ་པ་དྷ་ར་སེང་ངོ༎ བཞི་པ་ནི་ph: =སེང་ཆེན་བརྒྱད
༡. ༼=༥༽
ཕྱ་པའི་རྗེས་སུ་གདན་ས་ལོ་ལྔ་མཛད་པའི་བརྩེགས་དབང་ཕྱུག་སེང་གེ
༢. ༼=༡༽
གཙང་ནག་པ་བརྩོན་འགྲུས་སེང་གེ
༣. ༼=༤༽
རྨ་བྱ་རྩོད་པའི་སེང་གེ
༤. ༼=༣༽
བྲུ་ཤ་བསོད་ནམས་སེང་གེ
༥. ༼=༦༽
མྱང་བྲན་པ་ཆོས་ཀྱི་སེང་གེ
༦. ༼=༢༽
དན་འབག་པ་སྨྲ་བའི་སེང་གེ
༧. ༼=༧༽
འདམ་པ་དཀོན་མཆོག་སེང་གེ
༨. ༼༨༽
རྐྱང་དུར་བ་གཞོན་ནུ་སེང་གེ། ལ་ལ་དག་འུ་ཡུག་པ་བསོད་ནམས་སེང་གེ་ཞེས་ཟེར་ཡང་དུས་མི་འགྲིག། འདིས་གཟུང་ལུགས་བཞི་བཅུ་ཙམ་གྱི་རྣམ་བཤད་མཛད་ཅིང་། ཚད་བསྡུས་དང་། དབུ་བསྡུས་ཀྱི་སྲོལ་ཐོག་མར་ཕྱེ། ཁྱད་པར་མཚོན་སྦྱོར་གྱི་རྣམ་གཞག་རྒྱས་པ་དེ་ནས་བྱུང་། གྲུབ་མཐའི་དབྱིངས་ལོ་ཆེན་དང་འཐུན་ཀྱང་། གནས་སྐབས་ཕྲན་ཚེགས་ལ་དགག་པ་མང་དུ་མཛད། སློབ་དཔོན་ཟླ་བ་གྲགས་པ་འི་ལུགས་དེ་དུས་སུ་རྒྱས་པར་དར་བས། ལུགས་དེ་ལ་ཉེས་ཆེན་བརྒྱད་ལ་སོགས་པའི་དགག་པ་མང་དུ་མཛད། སྟོང་ཉིད་བདེན་གྲུབ་ཏུ་ཞལ་གྱིས་བཞེས། དེ་ལ་གཙང་ནག་པ་སོགས་བོད་གཞན་དག་སྟོང་པ་ལ་མཚན་མར་ལྟ་བའི་དབུ་མ་པ་ཞེས་ཟེར། དུས་དེར་པ་ཚབ་ལོ་ཙ་བ་བཤད་ཉན་བྱེད་པས། རྨ་བྱ་དང་། གཙང་ནག་པ་གཉིས་དེའི་སློབ་མར་ཡང་སོང་།
II gro lung pa etc. གྲོ་ལུང་པ་ནི། ལོ་ཆེན་ལ་དགག་པ་ཅུང་ཟད་ཀྱང་མི་མཛད་ཅིང་། ཆོས་ཐན་མི་འདྲ་བ་བརྒྱ་དང་བརྒྱད་ཙམ་མཛད་པར་གྲགས་ཤིང་། སྐུ་ཚེའི་སྟོང་ལ་ཕྲིན་ལས་མ་བྱུང་། སྨད་ཀྱི་སློབ་མའི་མཆོག་ནི་ཕྱ་པ་འོ༎ བརྩེགས་དབང་ཕྱུག་སེང་གེ་འི་རྗེས་ལ་མཉལ་པ་དད་པ་བཟང་པོས་གདན་ས་ལོ་བདུན་བྱས། དེ་ལ་སློབ་མ་བཟད་རིང་སོགས་པ་ཕར་ཚད་གཉིས་ཀའི་ཊཱི་ཀ་བྱེད་པ་དགུ་བྱུང་བ་ལ་བུ་དགུ་ཟེར། ཇོའོ་ནམ་མཁའ་