R66: རྗེ་བཙུན་ཐམས་ཅད་མཁྱེན་པའི་བཤེས་གཉེན་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་ངོ་མཚར་དད་པའི་རོལ་མཚོ།

  • ཤོག་ལྷེ། (མ་དཔེ། A): 300
[A:300]ན་མོ་གུ་ར་ཝེ། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་རྗེ་བཙུན་ཐམས་ཅད་མཁྱེན་པའི་བཤེས་གཉེན་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་ངོ་མཚར་དད་པའི་རོལ་མཚོ་ཞེས་བྱ་བ། ཤཱཀྱའི་བསྟན་པ་ནོར་བུའི་བསིལ་ཡབ་ནི༎ བཤད་བསྒྲུབ་རྒྱལ་མཚན་རྩེ་ལ་བཞུགས་གསོལ་ཏེ༎ དཔལ་ལྡན་ཕྲིན་ལས་བཟང་པོས་ཉེར་མཚོན་པ༎ བསྔགས་འོས་དེད་དཔོན་དམ་པ་ཕྱག་གི་གནས༎ རྒྱལ་བ་གཉིས་པའི་ཡོན་ཏན་མཁའ་འདྲ་བ༎ མ་ལུས་བརྗོད་པའི་ནུས་པ་མ་མཆིས་ཀྱང༎ ཞབས་ཟུང་རིང་དུ་བསྟེན་པའི་དད་པ་ཡིས༎ དེང་འདིར་ཅུང་ཟད་བརྗོད་ལ་སྤྲོ་བ་སྐྱེས༎ ཞེས་མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། དོན་གཉིས་ཀྱིས་བཤད་པར་བྱ་སྟེ།
1
ཀུན་ལ་ཐུན་མོང་དུ་གྲགས་པ་ཕྱིའི་རྣམ་ཐར་དང།
2
ཐུན་མོང་མ་ཡིན་པ་གསང་བའི་རྣམ་པར་ཐར་པའོ༎
1
ཀུན་ལ་ཐུན་མོང་དུ་གྲགས་པ་ཕྱིའི་རྣམ་ཐར། དང་པོ་ལ་གཉིས་ཏེ།
1.1
སྔོན་བྱུང་བ་སྐུ་ཚེ་སྔ་མའི་ལོ་རྒྱུས་མདོར་