R71: པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་གྱི་རྣམ་པར་ཐར་པ་ཞིབ་མོ་རྣམ་པར་འབྱེད་པ།

  • ཤོག་ལྷེ། (མ་དཔེ། A): 229
[A:229]པའི་སྡེ་སྣོད་འཛིན༎
བྲག་དཀར་བ
བསོད་ནམས་རྒྱལ་མཚན་ཡོངས་ཀྱིས་སྲིད་ཞུའི་དང༎
གསེར་གླིང་པ་Van der Kuijp: grings
ཀུན་དགའ་བཀྲ་ཤིས་སྒྱུ་ལུས་རྨི་ལམ་འབྱོངས༎
གླང་ཐང་གྲུབ་རྒྱལ་བ
ངག་དབང་ཆོས་རྒྱལ་སྤྱན་སྔའི་མཚན་དཀར་ཞེས༎ རྗེ་དབོན་ཤཱཀ་རྒྱན་ངེས་མེད་ཆོས་ལ་དགེས༎
པུ་རངས་པ
ཁྲ་ཆར་མཁན་པོ་ཞི་དུལ་མཐོང་བས་མཛེས༎
གློ་བོ་པ
བྱམས་གླིང་མཁན་པོ་སྨྲ་བ་མཁས་པའི་མཆོག༎
གློ་བོ་པ
བྲག་དཀར་མཁན་པོ་ཉིད་ལ་དད་པའི་ཕུལ༎
མངའ་རིས་ཕྱིར
དབུ་ལེགས་མཁན་པོ་ལུགས་གཉིས་ཕ་མཐར་སོན༎
རྗེ་བཙུན
ཀུན་དགའ་མཆོག་གྲུབ་སྟོང་ཉིད་སྙིང་རྗེའི་སྐུ༎
སྤྱང་ལུང་པ
གཞོན་ནུ་ཆོས་གྲུབ་དམན་འགྲོ་ཡོངས་ལ་བརྩེ༎
པུ་རངས་ཆོས་གྲུབ་པ
བློ་གྲོས་རྣམ་རྒྱལ་ཐུགས་རྗེ་ཆེ་ལྡན་པ༎
གློ་བོ་ཀར་ག་Van der Kuijp: ka rag་པ
ཤེས་རབ་དཔལ་འབྱོར་སྙིང་རྗེའི་ཉམས་ཀྱིས་མྱོས༎
ཀུན་དགའ་བཟང་པོ
རྣལ་འབྱོར་དབུས་སྨྱོན་གྲུབ་པའི་ས་ལ་བཞུགས༎
བསོད་ནམས་རྒྱལ?
དབུ་ལེགས་གྲུབ་ཆེན་ཉམས་རྟོགས་མངོན་དུ་གྱུར༎
འཕན་ཡུལ་པ
དགའ་མོ་ཆོས་མཛད་རྟོགས་པའི་དོན་རྒྱུད་འཛིན༎
ཐོག?་ལུང
ནམ་མཁའ་རབ་གསལ་བསྒྲུབ་པའི་རྒྱལ་མཚན་འཛུགས༎
མཁར་རྩེ་ལྕང་ར་བ
བློ་གྲོས་བཟང་པོ་རིག་པའི་ངར་སྒྲ་སྒྲོག།
ཉང་སྟོད་རྩེ་ཆེན་པ
རྡོ་རྗེ་རྒྱལ་པོ་སྐད་གཉིས་ཟུང་སྦྱོར་ངོམས༎
མངའ་རིས་གློ་བོ་པ
དོན་ཡོད་གྲུབ་པ་གཞུང་ཚིག་བློ་ནས་བཤོར༎
ཕུ་འབྱུང་པ
ཡེ་ཤེས་ལྷུན་གྲུབ་གདན་སའི་ལས་གཏེར་འཛིན༎
མར་དགར་བ་(ཨོར༔ མང་དཀར་བ?)
རབ་གསལ་ཟླ་མགོན་དབང་བརྒྱའི་ཕྲིན་བསྒྱུར་མཁན༎
མུས་པ
ཐུགས་རྗེ་དཔལ་བ་བཟླས་བརྗོད་དག་ལ་བརྩོན༎
མུས་རམ་པ
དཀོན་མཆོགས་གྲགས་པ་ཆོས་སྒོ་སྣ་ཚོགས་འཆད༎
བསམ་གྲུབ་རྩེ་པ
རིན་ཆེན་བཀྲ་ཤིས་རིགས་ལྡན་ཆོས་བརྒྱུད་སྤེལ༎
ཕུ་ཆུང་ཀ་བཅུ་པ
དཀོན་མཆོག་རྒྱལ་མཚན་འཕྲིན་ལས་མཁའ་དང་མཉམ༎
སྣར་ཐང་མཁན་པོ
ཤེས་རབ་དཔལ་ལྡན་གནས་བརྟན་སྤྲུལ་པར་གྲགས༎
ར་མོ་ཆེ་པ
ཡོན་ཏན་ཆོས་འཕེལ་དབུ་ཚད་སྦྱངས་པའི་དཔེ༎
སྡེ་བདུན་པ
དབང་ཕྱུག་རྒྱལ་མཚན་ཕྲིན་ལས་དར་རྒྱས་ཆེ༎
ཆུ་བ་དུས་པ
སངས་རྒྱས་འོད་ཟེར་འཆད་ཉན་ངང་ལ་གཤེགས༎ ཕྱོགས་ལས་རྣམ་རྒྱལ་བསྟན་ཕྱིར་འོད་ཞུར་ཡལ༎ རྡོ་རིང་ཀུན་སྤངས་ཆོས་སྐྱོང་བྲན་དུ་འཁོལ༎
གློ་བོ་པ
དབང་ཕྱུག་དཔལ་བས་རྣམ་སྲས་འཁོར་བཅས་གཟིགས༎
འཕྲང་Kuijp: 'phrar་པོ་སེང་གེ་སྒང་པ
ར་བ་མདོ་པས་ཚོགས་བདག་