R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • ཤོག་ལྷེ། (མ་དཔེ། A): ༩༥ན
[A:༩༥ན]མ་ལྟར་བྱམས་སེམས་ལྡན། །འཕྲིན་ལས་ལྷུན་གྲུབ་རྒྱ་མཚོའི་མཐས་གཏུགས་འགྲོ་བས་མཆོད། །མོང་གོར་རྒྱལ་པོ་འཇིག་རྟེན་
འདི་ཡན་འཕགས་པ་རིན་པོ་ཆེས་མཛད།
ཀུན་གྱི་དཔལ་དུ་ཤར། །དེ་ལྟར་བླ་མ་དཀོན་མཆོག་རྣམས་ཀྱི་བྱིན་རླབས་དང་། །གནམ་གྱིས་བསྐོས་པའི་རྒྱལ་པོ་ཇིང་གིར་གན་ཇི་དང་། །ཡེ་ག་རྒྱལ་པོ་མོང་གོར་རྒྱལ་པོའི་བསོད་ནམས་ཀྱིས། །སངས་རྒྱས་བསྟན་ལ་ཕན་ཕྱིར་གོ་པེ་ལ་ཡི་གཏམ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་མི་འཕྲོགས་པའི་མཁྱེན་རབ་དང་། དམིགས་པ་མེད་པའི་ཐུགས་རྗེ་དང་ལྡན་པ། ཟླ་བ་ཉ་གང་བ་ལྟར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ་དང་། ཉི་མའི་དཀྱིལ་འཁོར་ལྟར་མ་རིག་པའི་མུན་པ་འཁོར་དང་བཅས་པ་བཅོམ་པ། རི་དྭགས་ཀྱི་རྒྱལ་པོ་སེང་གེ་ལྟར་བདུད་དང་མུ་སྟེགས་ཐམས་ཅད་ལས་རྒྱལ་བ་སྟེ། དེའི་ཡོན་ཏན་དང་། འཕྲིན་ལས་དང་། བསྟན་པ་ལ། ང་དང་ཆ་བུ་ག་བསྟུན་ཡིད་ཆེས་པའི་སྟོབས་ཀྱིས། དེ་སྔ་ཡིན་ནའང་བསྟན་པ་དང་དགེ་འདུན་གྱི་བདག་པོ་བྱས། ད་ལྟ་ཡིན་ནའང་ཆོས་ཀྱི་རྗེ་ས་སྐྱ་པ་དང་། སློབ་དཔོན་འཕགས་པ་ལ་དད་པ་ཐོབ། ཆོས་ལ་ཡིད་ཆེས་ནས་ཆུ་མོ་གླང་གི་ལོ་ལ་དབང་བསྐུར་ཞུས། ཆོས་ཀྱང་མང་དུ་ཐོབ་པ་དང་། ལྷག་པར་ཡང་བསྟན་པ་དང་དགེ་འདུན་གྱི་བདག་པོ་བྱ་སྙམ་པ་ཡིན། དེའི་རྒྱུ་མཚན་གྱིས་སློབ་དཔོན་འཕགས་པའི་ངོ་ལ་གཙང་གི་རྒྱལ་ཁམས་ཀྱི་དཀོན་མཆོག་གི་རྟེན་དང་། དགེ་འདུན་གྱི་སྡེ་ལ་གནོད་པ་བསྲུང་བའི་འཇའ་ས་བཟང་པོ་འདི་ཆོས་ཀྱི་འབུལ་བར་བྱིན་པ་ཡིན། གཞན་ཡང་སློབ་དཔོན་ལ་ན་བཟའ་གསེར་