[A:༢༡༤བ]ནས། ངེད་ཕ་བུ་ལ་ཕྱག་རྟགས་བཀྲ་ཤིས་ཁ་ཐགས་ཁ་གང་། གན་སྤོས་བརྒྱ་བམ་གཅིག གོས་ཆེན་གསེར་མ་ཁ་དགུ་པ་གཅིག ཕོ་བྲང་གི་གོས་ཆེན་བཟང་ཁ་དང་སེང་རྒྱ་མ་ཡུག་གཅིག གོས་ཆེན་ལྕགས་ཁ་ཡུག་གཅིག གོས་ཆེན་གྱི་རིང་འགག་གསེར་མ་གཅིག ན་བཟའ་གོས་བེར་མཚལ་ཁ་སྤྲིན་ཆེན་རིས་གཅིག བླ་བྲེ་པདྨ་སྟོང་ལྡན་མཚུངས་བྲལ་གཅིག གསོལ་ཇ་ཚེ་རིང་དོན་ལྡན་སྤོབ་རྩེ་གཅིག སེར་པོ་སྤོབ་རྩེ་བཞི། འུ་ཟི་རི་ཧོ་སྤོབ་རྩེ་གཅིག ནག་པོ་སྤོབ་རྩེ་གཅིག ཟི་ཞིང་སྤོབ་རྩེ་གཉིས། འཇམ་དབྱངས་གཟི་འོད་འབར་བའི་དྲུང་དུ་འཕན་བསེ་འུ་མ་ཆ་གཅིག ཕོ་བྲང་གི་སྟན་དམར་རྣམས་ཕྱག་རྒྱ་མ་ཉམས་པར་ཕེབས་པས་ཐུགས་ལ་བཏགས་ཤིང་ཡིད་ཀྱི་པདྨོ་ཆེས་ཆེར་བཞད་པར་གྱུར་མཆིས་ལགས། སླར་ཡང་དེ་ཚོར་སྐུའི་འཚོ་སྐྱོང་བསྟན་འགྲོའི་དོན་སྔར་བཞིན་གཡེལ་བ་མེད་པ་མཛད་དགོས། འདིར་ཡང་སྐུ་རིམ་སྲུང་འཁོར་འདི་ཕྱིའི་ལམ་གྱི་བར་ཆད་སེལ་བའི་བསྔོ་བ་སྨོན་ལམ་གང་དྲག་བགྱིད་པ་ཡོད་ལགས། ཁོང་དཔོན་གཡོག་གསུམ་ལ་གང་ལེགས་བྱས་ཚུལ་སོགས་ངག་ནས་འབུལ། ད་ལམ་རི་མོ་གཟིགས་པའི་རྟེན་བདུད་རྩི་རིལ་བུ་སྟོང་རྡོ་གཅིག བརྒྱ་རྡོ་གཅིག བཅུ་རྡོ་གཅིག་དང་སིལ་མའི་ཐུམ་དཀར་ཆག་དང་བཅས་པ། ས་ཞྭ། སྐུ་འགག སྐུ་བཟན། སྐུ་ཐབས། ཞབས་རོག ཞབས་ཆག་གོས་སྤུ་མ་རྣམས་ལ་རྒྱ་ལྡན་འབུལ། དུས་ཁྱད་པར་ཅན་ཆུ་སྟོད་ཟླ་བའི་དཔལ་ལྡན་བླ་མའི་དུས་ཆེན་ཉེར་ལྔ་ལ་དཔལ་ལྡན་ས་སྐྱ་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་ལྷ་ཁང་ཆེན་མོའི་ཡང་སྟེང་པོ་ཏ་ལ་ནས་ཕུལ་ཞེས་པའི་གསུང་ཤོག་མ་མོ་དང་། དེའི་ཡིག་ཆུང་དུ་འདི་