R81: རྗེ་བཙུན་བླ་མ་དམ་པ་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་ཕྲེང་བ།

  • ཤོག་ལྷེ། (མ་དཔེ། A): ༢༥
[A:༢༥]པ་དང༌། གཞན་གྱིས་བརྩད་ཅིང་དྲིས་པ་རྣམས་ལའང་སྤོབས་པ་ཐོགས་པ་མེད་པར་ལུང་རིགས་ཀྱི་སྒོ་ནས་ཆོས་དང་མཐུན་པའི་ལན་འདེབས་ཤིང༌། ཁྱད་པར་རྡོ་རྗེ་ཐེག་པའི་བསྐྱེད་རྫོགས་ཀྱི་གནད་ཟབ་མོ་རྣམས་བཅོས་ནས་ལོག་པར་སྨྲ་བ་བྱུང་བ་དེ་དག་སུན་དབྱུང་བའི་ཕྱིར་ལུང་དང་རིགས་པའི་སྒོ་ནས་ལོག་སྨྲ་ཚར་གཅོད་པ་འདི་ལྟ་བུ་ནི་སྔོན་གྱི་མཁས་པ་རྣམས་ཀྱིའང་ཡིད་ཀྱི་ཡུལ་དུ་འབྱུང་བར་དཀའ་ཞིང༌། རིག་པའི་དབང་ཕྱུག་ཆེན་པོ་རྣམས་ཀྱང་ཡིད་འདར་བར་མཛད་པ་ཡིན་ནོ། །དེ་ལྟར་རང་དོན་མཁྱེན་པ་དང་ཐུགས་རྗེ་ཕུལ་དུ་བྱུང་ཞིང༌། གཞན་དོན་ཕྲིན་ལས་རྨད་དུ་བྱུང་བ་མཛད་པའི་སྟོབས་ཀྱིས་སློབ་མའི་མཆོག་ཇི་ལྟར་བསྐྲུན་པའང་རྗེ་བཙུན་འཇམ་པའི་དབྱངས་ཆེན་པོ་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོ་དང༌། རྗེ་བཙུན་ཆོས་ཀྱི་རྗེ་ཀུན་དགའ་དབང་ཕྱུག་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ། བདག་ཆེན་བློ་གྲོས་དབང་ཕྱུག་ལེགས་པའི་འབྱུང་གནས་རྒྱལ་མཚན་དཔལ་བཟང་པོ། བདག་ཆེན་བློ་གྲོས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ལ་སོགས་པ་སྐྱེ་རྒུའི་གཙུག་རྒྱན་རྣམས་དང༌། དྲུང་ཤར་ཆེན་པ་ཡེ་ཤེས་དབང་ཕྱུག་རྒྱལ་མཚན་དཔལ་བཟང་པོ་ལ་སོགས་པ་ཆེ་བར་གྲགས་པ་རྣམས་ཀྱིས་ཞབས་ཀྱི་པདྨོ་ལ་བཏུད་ཅིང་ཅོད་པན་དུ་འཁུར་བར་མཛད་དོ། །གཞན་ཡང་ལུང་དང་རྟོགས་པའི་དབང་ཕྱུག་ཆོས་ཀྱི་རྗེ་ཀུན་དགའ་དབང་ཕྱུག་པ་དང༌། མཁས་གྲུབ་ཆེན་པོ་ཆོས་རྗེ་དཔལ་ལྡན་རྡོ་རྗེ་པ་དང༌། སྙན་བརྒྱུད་གདམས་པའི་མཛོད་འཛིན་པ་རྗེ་རིན་པོ་ཆེ་སངས་རྒྱས་དཔལ་བ་དང༌། སྒྲུབ་པ་དང་རྟོགས་པའི་བརྒྱུད་འཛིན་མཁན་ཆེན་དཀོན་བློ་བ་དང༌། མངའ་རིས་པ་ནམ་མཁའ་དཔལ་བཟང་ལ་སོགས་