R81: རྗེ་བཙུན་བླ་མ་དམ་པ་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་ཕྲེང་བ།

  • ཤོག་ལྷེ། (མ་དཔེ། A):
[A:༧]གཉེར་བྱེད་དགོས། ངེད་ཀྱི་དབོན་པོ་སོགས་གྲྭ་པ་མང་ལ་བཟང་བ་ཡོད་གསུངས་ཀྱང༌། ཚེ་འདིའི་ཆེ་ཐབས་ལ་ཐུགས་བཞེད་མེད་པའི་སྟོབས་ཀྱིས་དེ་ལྟར་མི་འོང༌། མི་ཆེ་བ་འཁོར་ལོས་སྒྱུར་རྒྱལ་གྱི་བུ་དང༌། ནོར་ཕྱུག་པ་རྣམ་ཐོས་ཀྱི་བུ་ཡིན་ཀྱང་ཞེ་འདོད་མེད་ཞུས་ཀྱང༌། ཁོང་ན་རེ། དེ་ཙམ་ཡིན་ན་ཇོ་ནང་ངམ། ཞྭ་ལུ་རུ་གསང་སྔགས་རྒྱ་ཆེན་ཞིག་ཞུ་རུ་སོང་སྐད། དགུང་ལོ་སོ་ལྔ་པ་ལ་དབུས་ཀྱི་ལྷ་སར་བྱོན། བསྐོར་བ་འབུམ་ཐེར་སོང༌། གསག་སྦྱང་གི་རྣལ་འབྱོར་མང་དུ་མཛད། ཡ་རེས་ཉང་སྟོད་ཕྱོགས་སུ་ཕེབ་སྟེ། མཁས་བཙུན་ཀུན་གྱི་གཙུག་རྒྱན་གངས་ཅན་ཀུན་དགའ་དཔལ་གྱི་དྲུང་དུ་མཁན་པོ་ཞུས། སློབ་དཔོན་ཆེན་པོ་དོན་གྲུབ་རིན་ཆེན་དང༌། ཆོས་རྗེ་རྒྱལ་ཚབ་པ་དཔོན་སློབ་གཉིས་ཀྱིས་ལས་གསང་གི་སློབ་དཔོན། ཆོས་རྗེ་རྒྱལ་མཆོག་པས་གྲིབ་ཚོད་པ་མཛད་དེ། དེ་ལ་སོགས་པ་དད་པའི་དགེ་འདུན་ཉི་ཤུ་རྩ་གསུམ་གྱི་དབུས་སུ་བསྙེན་པར་རྫོགས་པར་མཛད་དོ། །གཞན་ཡང་ཐེག་ཆེན་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ། བདག་ཆེན་གཞི་ཐོག་པ་བློ་གྲོས་རྒྱལ་མཚན། ལམ་འབྲས་པ་བློ་བཟང༌། འཇམ་དབྱངས་རིན་རྒྱལ་བ། བཀའ་བཞི་པ་དཔལ་ལྡན་སེང་གེ །གནས་རྙིང་པ་རིན་རྒྱལ། ཧོར་བཀའ་བཞི་སེང་གེ་རྒྱལ་མཚན། མཁན་ཆེན་བསྟན་བཟང་པ། བླ་མ་ཀུན་བློ་པ། མཁན་ཆེན་བསྟན་རྒྱལ་བ། དེ་ལ་སོགས་པ་མཁས་པ་དང་གྲུབ་པ་བརྙེས་པའི་སྐྱེས་བུ་ཁྱད་པར་ཅན་མང་དུ་བསྟེན་ཏེ་དབང་ལུང༌། མན་ངག་སོགས་ལེགས་པར་གསན་པ་ནི་འདིར་བྲི་བར་ག་ལ་ནུས་པས་གསན་ཡིག་ནང་དུ་བལྟ་བར་བྱ་ཞིང༌། མདོར་ན་གསན་པ་དེ་དག་ཀྱང་མིང་རྐྱང་ཙམ་དུ་ལུས་པ་མ་ཡིན་པར་སྒྲོ་