R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • ཤོག་ལྷེ། (མ་དཔེ། A): ༨༩
[A:༨༩] དང་མཇལ། དེ་ནས་བརྩམས་ཏེ་ཇོ་བོ་གཤེགས་པའི་བར་ལོ་བཅུ་གསུམ་དུ་ཇོ་བོ་དང་འབྲལ་མེད་མཛད། ཇོ་བོ་གཤེགས་པའི་ཕྱི་དེ་ལུག་གི་ལོ་ལ་སྙེ་ཐང་དུ་དགོངས་རྫོགས་སོགས་བསྒྲུབས། དེའི་ཕྱི་དེ་སྤྲེལ་ལོར་རྭ་སྒྲེང་བཏབ་ནས། རང་ལོ་དྲུག་ཅུའི་བར་ལོ་དགུའི་རིང་ལ་བཀའ་གདམས་པ་རིན་པོ་ཆེའི་བསྟན་པ་གསལ་བར་མཛད་དོ། འབྲོམ་གྱི་རྗེས་ནས་འབྲོག་མིའི་སློབ་མ་མན་ངག་འཛིན་པ་སེ་མཁར་ཆུང་པ་དང་། རྒྱུད་འཛིན་པ་འཁོན་དཀོན་མཆོག་རྒྱལ་པོ་སྔ་སྟེ། དེ་ཡང་སུམ་སྟོང་བརྒྱ་དང་ང་བདུན་འདས་པའི་ང་བརྒྱད་པ་ཤིང་མོ་གླང་
སྤྱི་ལོ་༡༠༢༥
ལ་སེ་མཁར་ཆུང་པ་བལྟམས། རང་ལོ་དགུ་བཅུ་རྩ་བརྒྱད་པའི་བར་དུ་བཞུགས་ཤིང་། ལོ་བཅོ་བརྒྱད་ཀྱི་བར་དུ་འབྲོག་མིའི་ཞབས་པད་བསྟེན། འབྲོག་མིའི་གསུང་ངག་གི་བསྟན་པ་འཛིན་པ་ལ་བཀའ་དྲིན་ཆེ་ཞིང་སློབ་མའི་མཆོག་ཀྱང་གསུང་ངག་རབ་ཏུ་ཐོབ་པ་ཞང་སྟོན་སྐུ་མཆེད། འབྲིང་དུ་ཐོབ་པ་ཞ་མ་ལྕམ་སྲིང་། ཐ་མར་ཐོབ་པ་སྤེན་ཐོག་སྒོམ་ཆེན་གསུམ་མོ།
སུམ་སྟོང་བརྒྱ་དང་རེ་དྲུག་འདས་པའི་རེ་བདུན་པ་ཤིང་ཕོ་ཁྱི་
སྤྱི་ལོ་༡༠༣༤
ལ་འཁོན་དཀོན་མཆོག་རྒྱལ་པོ་བལྟམས། འབྲོག་མིའི་ཐུགས་སྲས་གཞུང་འཛིན་པ་ཆེན་པོར་གྱུར། རང་ལོ་བཞི་བཅུ་པ་ལ་དཔལ་ལྡན་ས་སྐྱ་བོད་གངས་ཅན་གྱི་རྡོ་རྗེ་གདན་ཆེན་པོ་བཏབ་སྟེ། རྒྱུད་མན་ངག་གི་བསྟན་པ་གསལ་བར་མཛད། དགུང་ལོ་རེ་དགུ་ཆུ་ཕོ་རྟ་དབྱུག་ཟླའི་ཚེས་བཞི་ལ་གཤེགས་ཟེར། འདི་བལྟམས་པའི་ཤིང་ཁྱི་ནས་ལོ་ལྔ་བརྒྱ་དང་སུམ་ཅུ་ལོན་ཞིང་། ཕྱི་དར་ས་མོ་བྱ་ནས་དྲུག་ཅུ་རྩ་དགུ་ལོན་ནོ།
འཁོན་གྱི་རྗེས་ནས། རྗེ་མི་ལ་སྔ་སྟེ། སུམ་སྟོང་བརྒྱ་དང་དོན་གཉིས་