[A:༩༦] ཕུ་ཆུང་པ་ལྕགས་མོ་ལུག་ལོ་པ་སྟེ། སྤྱན་སྔ་བ་ལས་ལོ་བདུན་གྱིས་བགྲེས་དགུང་ལོ་དུན་དྲུག་བཞུགས།
པུ་ཏོ་བ་གཟུས་ཀྱི་བུ་ཆེན་བཞིའི་གླན་ཚུལ་བྱང་ལས་རབ་ཏུ་བྱུང་ཞིང་། རང་ལོ་ཉེར་དྲུག་པ་ལ་རྭ་སྒྲེང་དུ་འབྲོམ་དང་མཇལ། ལྔ་བཅུ་པའི་བར་དུ་སྒྲུབ་པ་ལ་ཉམས་ལེན་མཛད། ང་གཅིག་པ་ནས་དོན་ལྔའི་བར་དུ་གཞན་དོན་མཛད། པུ་ཏོ་བ་འདི་དང་། བླ་མ་རྣམ་གསུམ་གྱི་དངོས་སློབ་རྒྱ་འདུལ་འཛིན། དགོན་པ་བའི་དངོས་སློབ་ཁ་རག་སྒོམ་ཆུང་གསུམ་ཐོག་མཚུངས། སྐུ་མཆེད་གསུམ་གྱིས་བཀའ་གདམས་ཀྱི་བསྟན་པ་དར་རྒྱས་སུ་མཛད་པ་ལས། ཕུ་ཆུང་པས་སྒྲུབ་པ་ཁོ་ན་ལས་གཞན་དོན་ཆེར་མ་བསྐྱངས། ཕ་ཝམ་ག་པ་སོགས་ཀྱི་སློབ་བུ་འགའ་ཞིག་ལས་མ་འཕེལ།
སྤྱན་སྔ་བ་ཚུལ་ཁྲིམས་འབར་གྱིས་བཀའ་གདམས་གདམས་ངག་གི་བསྟན་པ་གཙོ་བོར་སྤེལ། སློབ་བུ་མང་དུ་འཕེལ་བ་ལས། གཙོ་བོ་སྟོད་ལུང་པ་རིན་ཆེན་སྙིང་པོ་དང་། བྱ་ཡུལ་བ་གཞོན་ནུ་འོད་གཉིས་ཀྱི་སྟོད་ལུང་པ་ཆུ་ཕོ་སྤྲེལ་ལོ་པ་སྟེ། ཕུ་ཆུང་བ་ལོ་གཅིག་གིས་གཞོན། ཚོགས་པ་སུམ་བརྒྱ་ཙམ་རེ་བསྐྱངས། བྱ་ཡུལ་བ་ཤིང་མོ་ཡོས་ལོ་པ་སྟེ། པུ་ཏོ་བ་ལས་ལོ་སོ་གཉིས་ཀྱིས་གཞོན། ཚོགས་པ་ཉིས་སྟོང་བསྐྱངས།
སློབ་མའི་མཆོག་ཕྱིའི་ཆེན་པོ་དགུ། བར་གྱི་ཆེན་པོ་བརྒྱད། ནང་གི་ཐུགས་སྲས་གསུམ་སོགས་བྱོན། དགུང་ལོ་རེ་གཉིས་རྟ་ལོ་རྨལ་པོ་ཟླའི་ཚེས་བརྒྱད་ལ་གཤེགས།
བྱ་ཡུལ་བ་འདིས། སྟོད་ལུང་པ་དང་། སྤྱན་སྔ་བ་གཉིས་ཀྱི་ཉེ་གནས་