R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • ཤོག་ལྷེ། (མ་དཔེ། A): ༡༧༣
[A:༡༧༣]མ་ཡང་དཔང་ལོ། དཔལ་ལྡན་སེང་གེ། སྐྱི་སྟོན་གྲགས་རྒྱལ་སོགས་མང་དུ་བྱུང་། ལོ་ཡང་རེ་ལྔ་བཞུགས་ཟེར་བ་དེའོ། ཉི་ཤུ་པ་ལ་སྔར་གྱི་མཁན་སློབ་ལས་བསྙེན་པར་རྫོགས། ཉེར་གཅིག་པ་ལ་བལ་པོར་བྱོན་སྒྲ་སྙན་ངག་ལ་སྦྱངས། སྤྱིར་བལ་པོར་ལན་བདུན་བྱོན། སོ་གཉིས་པ་ལ་གུང་ཐང་གནས་པོ་ཆེར་ཆོས་གཞི་བཙུགས། གུང་ཐང་བདེ་བློ་སོགས་སློབ་བུ་མང་དུ་བྱོན། དཔང་ལོ་འདི་ནི་ཁོང་རང་བཞུགས་དུས་ཀྱི་མཁས་པ། བུ་དོལ། རྒྱལ་སྲས་པ། མ་ཏི་པན་ཆེན། ཀུན་སྤངས་ཆོས་གྲགས་དཔལ། འཇམ་དབྱངས་དོན་ཡོད་རྒྱལ་མཚན་སྐུ་མཆེད་གཉིས། ནེ་རིང་པ་འཇམ་དབྱངས་མཚན་ཅན་སོགས་མཁས་གྲུབ་ཐམས་ཅད་ཀྱིས་ཚུར་ཞབས་ལ་བཏུད། མཁས་པའི་གྲགས་པ་ཤིན་ཏུ་ཆེ། བོ་དོང་ཨེའི་གདན་སར། རྒྱལ་སྲས་རིན་པོ་ཆེས་ཞུ་ཕུལ་བས། གུ་རུ་ཐོགས་མེད་ཐོས་པའི་གཏམ་ལ་སྙན། ཉིད་ཀྱི་ཞལ་ནས་ལེགས་པར་མ་གཏོགས་ཉེས་པར་བཤད་པ་ག་ལ་སྲིད། ཁོ་བོ་མཁན་པོ་ཆེན་པོ་སྟག་སྡེ་པ་སེང་གེ་རྒྱལ་མཚན་གྱིས་ཀྱང་མ་ཐོབ་པའི་གདན་ས་ཡིན་པས་དེ་རིང་རང་ལ་འགྲོ། འགྱུར་ན་མི་འདོད། ད་ལྟ་རང་འགྲོ་ཞེས་གསུངས་པ་ནས་དྲུག་ཅུ་རྩ་གཅིག་ལོན་པའི་ཚེ། བོ་དོང་ཨེ་པན་ཆེན་འབུམ་ཕྲག་གསུམ་པའི་གདན་སེང་གེའི་ཁྲི་ལ་འཁོད། རྒྱུད་འཛིན་གྱི་སྲས་རང་ཉིད་ཀྱི་དབོན་པོ་ལོ་ཙཱ་བ་བྱང་ཆུབ་རྩེ་མོ་ཞེས་གྲགས་པ་དེ་ཡིན་ལ་དགུང་ལོ་དྲུག་ཅུ་རྩ་བདུན་པ་ཆུ་ཕོ་རྟ་ལོ་ནག་པ་ཟླ་བ་གསུམ་པའི་ཚེས་བཅུ་གསུམ་ལ་བོ་དོང་ཨེར་དག་པའི་ཞིང་དུ་གཤེགས་སོ། སུམ་སྟོང་བཞི་བརྒྱ་དང་ཉག་དགུ་འདས་པའི་བཅུ་པ་མེ་མེ་གླང་
སྤྱི་ལོ་༡༢༧༧
ལ་བྲག་ཕུག་པ་བསོད་ནམས་དཔལ་བལྟམས། དཔང་ལོ་ལས་