R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • ཤོག་ལྷེ། (མ་དཔེ། A): ༡༧༤
[A:༡༧༤] གཅིག་གིས་གཞོན། ལོ་དོན་བདུན་བཞུགས། སློབ་བུ་མང་དུ་བྱུང་ཡང་གཙོ་བོ་ཆོས་རྗེ་བླ་མ། བྲག་ཕུག་པ་དཀོན་མཆོག་རྒྱལ་མཚན། བྲག་ཕུག་པ་བློ་གྲོས་བསྟན་པ། ཀ་བཅུ་པ་གཞོན་ནུ་སིང་གེ་དང་བཞིའོ། བྲག་ཕུག་པ་དཀོན་མཆོག་རྒྱལ་མཚན་གྱི་སློབ་མ་ནི། ས་སྐྱ་བུ་སྟོན་དབང་ཕྱུག་རྒྱལ་པོ། གཡག་སྡེ་བ་ནམ་མཁའ་བསོད་ནམས། མདོ་ཁམས་གཙོ་མདོ་དཔལ་འབར་གྱི་ཐིམ་ཆུ་བ་བློ་གྲོས་དཀར་པོ་སྟེ་བློ་བཟང་དཀར་པོར་གྲགས་པ་དང་གསུམ། བློ་བཟང་དཀར་པོའི་སློབ་མ་ནི། གོན་གྱི་ཡེ་ཤེས་དཔལ་ཡིན་ལ། གོན་གྱི་སློབ་མ་ནི་ཁམས་ཀྱི་ཆབ་ལ་ཁ་བ་བློ་བཟང་དཀར་མོ་དང་། མཁན་ཆེན་གཡག་པ་སོགས་ཡིན་ཞིང་། བློ་བཟང་དཀར་མོ་ལ། ལམ་འབྲས་པ་བློ་བཟང་དུ་གྲགས་པ་དང་། པན་ཆེན་བོ་དོང་པ་སོགས་ཀྱིས་གསན་ནོ། རི་ཁྲོད་པ་བློ་བརྟན་ནི། མེ་ཕོ་འབྲུག་ལོ་པ་སྟེ། ཆོས་རྗེ་བླ་མ་ལས་ལོ་བཞིས་གཞོན་ནོ། སུམ་སྟོང་བཞི་བརྒྱ་བཅུ་བཞི་པ་ལྕགས་མོ་སྦྲུལ་
སྤྱི་ལོ་༡༢༨༡
ལོར་ལམ་འབྲས་པ་ཡེ་ཤེས་དཔལ་མདོ་ཁམས་སུ་བྱོན། ལོ་བཅུ་བཞི་པ་ལ་ཉན་ཆེན་པོའི་བུ་ཆེན་བློ་གྲོས་དཀར་པོ་ལ་འཁྲིད་དང་གདམས་པ་གསན། ཞ་ལུ་བུ་སྟོན་ལ་ཐེག་ཆེན་སེམས་སྐྱེད་གསན། ས་སྐྱར་གཞུང་རྒྱས་པ་མཁན་ཆེན་དབང་ཕྱུག་དཔལ་ལ་རྣམ་རིག་གསན། ས་སྐྱར་གཞུང་རྒྱས་པ་མཁན་ཆེན་དབང་ཕྱུག་དཔལ་ལ་རྣམ་རིག་གསན། ཀུན་སྤངས་ཆོས་གྲགས་དཔལ་ལ་སྦྱོར་དྲུག་གསན། ན་བཟའ་བ་ལོ་བཅུ་གཉིས་བསྟེན་ཏེན་གསུང་ངག་སོགས་གསན། བླ་མ་གུ་རུ་དབང་ཕྱུག་བརྩོན་འགྲུས་ལ་ནི་གུ་སོགས་གསན། འཁོན་བླ་ཆེན་ཀུན་