R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • ཤོག་ལྷེ། (མ་དཔེ། A): ༡༧༥
[A:༡༧༥]དགའ་རྒྱལ་མཚན་པའི་སྲས་གུང་པ་བཀྲ་ཤིས་དབང་བཟང་པོ་ལ་དམར་པོ་སྐོར་གསུམ་སོགས་གསན། ལོ་ལྔ་བཅུ་ནས་གྱ་ལྔའི་བར་དུ་གཞན་དོན་ཁོ་ན་མཛད། སློབ་མའི་མཆོག་བློ་བཟང་དཀར་མོ། མཁན་ཆེན་གཡག་མོ་སོགས་ཏེ། གྱ་ལྔ་པ་སྦྲུལ་ལོ་ཟླ་བ་བཅུ་གཅིག་པའི་ཉེར་གཉིས་ལ་འཇམ་ས་ལྷ་སྡིངས་སུ་གཤེགས་སོ། སུམ་སྟོང་བཞི་བརྒྱ་བཅོ་ལྔ་(དྲུག) འདས་པའི་བཅུ་དྲུག་(བདུན) པ་ཤིང་ཕོ་སྤྲེལ་
སྤྱི་ལོ་༡༢༨༤
ལོར་ཀརྨ་པ་རང་བྱུང་རྡོ་རྗེ་མངའ་རིས་སུ་བྱོན། ལོ་གསུམ་པར་མིང་ཡོངས་སུ་གྲགས་པའི་ཀརྨ་པ་ཡིན་ཞྭ་ནག་ཁྱེར་ཤོག་གསུངས། རང་བྱུང་རྡོ་རྗེ་ཞེས་པ་ཀརྨ་པཀ་ཤིའི་གསང་མཚན་ཡིན་ཟེར། མདོ་སྡེ་མ་གཟིགས་པར་སྐྱེས་རབས་ཙམ་ཅི་ཡིན་ཞུས་པས། ཀརྨ་པཀ་ཤིའི་དུས་ཁམས་ཀྱི་ར་བ་སྒང་དུ་ཚར་གཅིག་བལྟས་གསུངས། འདིས་ཧོར་ཐོ་ཧན་ཐི་མུར་གྱི་ཏི་ཤྲི་མཛད་ཟེར་བས། སྤྱིར་ཐོ་ཧན་ཐི་མུར་གྱིས་ལོ་ཉེར་ལྔ་རྒྱལ་སྲིད་མཛད་པའི་སྟོད་ལ་ཏི་ཤྲི་ཀུན་རྒྱལ་གྱིས་ཏི་ཤྲི་མཛད། བར་སྐབས་སུ་བླ་ཆེན་བསོད་བློས་མཛད། མཇུག་ཏུ་ཏི་ཤྲི་མེད་པ་ལོ་བརྒྱད་བྱུང་ཟེར་བའི་ཐོ་ཧན་གྱི་སྐུ་ཚེའི་སྟོད་ཏི་ཤྲི་ཀུན་རྒྱལ་དང་ཐོག་མཚུངས་ཙམ་དུ་ཏི་ཤྲི་མཛད་པར་མངོན་ཏེ། རང་བྱུང་རྡོ་རྗེ་ཏི་ཤྲི་ཀུན་རྒྱལ་ལས་ལོ་ཉེར་དྲུག་གིས་བགྲེས་པ་ཡིན་པའི་ཕྱིར་རོ། གང་ནའང་དགུང་ལོ་ང་དྲུག་པ་བྱ་ཁྲ་ཚེས་བཅུ་བཞི་ལ་རྒྱ་ནག་ཕོ་བྲང་ལ་གཤེགས་སོ།
སུམ་སྟོང་བཞི་བརྒྱ་དང་ཉེར་གསུམ་འདས་པའི་ཉེར་བཞི་པ་ལྕགས་མོ་ཡོས་
སྤྱི་ལོ་༡༢༩༡
ལ་གཉག་ཕུ་པ་བསོད་ནམས་དབང་ཕྱུག་མུས་གླིང་སྐྱར་བྱོན། བཅུ་གཅིག་པ་ལ་མཁན་པོ་ཤཱཀྱ་མགོན་དང་སློབ་དཔོན་འོད་ཟེར་རྩེ་མོ་