R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • ཤོག་ལྷེ། (མ་དཔེ། A): ༡༩༣
[A:༡༩༣]བཟང་པོཀརྨ་དེ་བཞིན་གཤེགས་པཀརྨ་མཐོང་བ་དོན་ལྡནསྨྲ་བའི་སེང་གེ་རོང་སྟོན་ཆེན་པོ་སོགས་སོ། དེས་ན་ད་ལྟའི་ཤིང་བྱི་འདི། རྒྱལ་སྲས་ཐོགས་མེད་བྱོན་པའི་ཤིང་མོ་ལུག་ནས་ཉིས་བརྒྱ་དང་བདུན་ཅུ་པ་ལོ་ཆེན་བྱང་རྩེའི་ཆུ་མོ་ཡོས་ནས་ཉིས་བརྒྱ་དང་རེ་གཉིས་པ། ཆོས་རྗེ་བླ་མ་དམ་པའི་ཆུ་ཕོ་བྱི་བ་ནས་ཉིས་བརྒྱ་དང་གསུམ་པ། གཉག་དབོན་བྱོན་པའི་ལྕགས་སྦྲུལ་ནས་ཉིས་བརྒྱ་དང་ཉི་ཤུ་རྩ་བཞིར་སླེབ་པ་ཡིན་ནོ། g.Yag ston Sangs rgyas dpal མཁས་པའི་དབང་པོ་གཡག་ཕྲུག་སངས་རྒྱས་དཔལ་ཞེས་གྲགས་པ་ཡང་། གཉག་དབོན་དང་རིགས་ལམ་སྨྲ་བ་ཐོག་མཚུངས་ཤིང་། འདི་ལས་སྐུ་ཅུང་ཟད་གཞོན་ལ་
མཁན་ཆེན་གཡག་པ་ལྕགས་ཕོ་སྟག་ལོ་པ་ལྟར་ན་གཉག་དབོན་ལས་ལོ་དགུས་གཞོན་པར་མཆིས་སོ།
རྗེ་བཙུན་རེད་མདའ་པ་ལས་ཅུང་བགྲེས་པ་ཤིག་ཡིན་ལ་
པན་ཤཱཀ་པའི་གཏམ་གྱི་རོལ་མཚོ་ལས། བུ་སྟོན་ལྕགས་ཕོ་སྟག་ལོ་འཁྲུངས་པའི་རེ་གཅིག་པ་ལྕགས་ཕོ་སྟག་ལོར་གཡག་པ་འཁྲུངས། དེའི་ཉེར་བརྒྱད་པ་མེ་ལོ་ལུག་ལ་རོང་སྟོན་འཁྲུངས་ཞེས་བཤད་འདུག
དེ་ཡང་རྩེ་ཐང་ག་གི་ཆེན་པོ་བྱང་ཆུབ་རིན་ཆེན་སྲས་ཡིན་པ་ལ། རྣམ་པ་དེ་ཉིད་ཀྱི་ཉེ་གནས་གཡག་ཡུ་ཞེས་པའི་སྲས་སུ་ངོས་བླངས་པས་ན། གཡག་ཕྲུག་ཅེས་གྲགས་ལ། འཁྲུངས་ཡུལ་དངོས་ནི་ས་སྐྱ་འཕྲང་ཞེས་བྱ་བ་དེ་ཡིན་ཞིང་། དཔལ་ལྡན་ས་སྐྱ་དང་རྩེ་ཐང་སོགས་སུ་གསན་སྦྱོང་མཛད། ས་སྐྱའི་མཁས་དབང་བརྩོན་འགྲུས་དཔལ་ལ་གཙོ་བོར་བརྟེན་ནས་མདོ་ལ་སྦྱངས་ཤིང་། གོན་གྱོ་ཡེ་ཤེས་ལ་གསུང་ངག་སོགས་གསན། བུ་དོལ་གྱི་སློབ་མ་ཉ་བརྩོན་གཉིས། ཉ་བརྩོན་གཉིས་ཀྱི་སློབ་མ་གཡག་གཞོན་རྣམ་གཉིས་ཞེས་བསྟན་