R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • ཤོག་ལྷེ། (མ་དཔེ། A): ༢༠༡
[A:༢༠༡] སློབ་མའི་མཆོག་ནི། རྒྱལ་ཚབ་རྗེ། མཁས་གྲུབ་རྗེ། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ། འདུལ་འཛིན་གྲགས་རྒྱལ། འདུལ་འཛིན་བློ་གྲོས་སྦས་པ་སྟེ་འདུལ་འཛིན་རྣམ་གཉིས་ལ་སོགས་པ་བསམ་གྱིས་མི་ཁྱབ་བོ། དེས་ན་ད་ལྟའི་ཤིང་བྱི་འདི། ཐེག་ཆེན་པ་བྱོན་པའི་ས་མོ་གླང་ནས་ཉིས་བརྒྱ་དང་བཅུ་དྲུག་པ། ཤར་ཙོང་ཁ་པ་བྱོན་པའི་མེ་བྱ་ནས་ཉིས་བརྒྱ་དང་བརྒྱད་དུ་སླེབས་པ་ཡིན་ནོ། ས་བཅད་ལྔ་པ་སུམ་སྟོང་ལྔ་བརྒྱ་པའི་སྐབས་སུ་བྱོན་པ་ནི། རོང་སྟོན་སྨྲ་བའི་སེང་གེ། བོ་དོང་ཕྱོགས་ལས་རྣམ་རྒྱལ། ས་སྐྱ་པའི་བཙན་འཛིན་ཀུན་དགའ་རྣམ་གཉིས། ཀརྨ་དེ་བཞིན་གཤེགས་པ་ལ་སོགས་པ་སྟེ། སུམ་སྟོང་བཞི་བརྒྱ་དང་གོ་དགུ་འདས་པའི་ལྔ་བརྒྱའི་སྟེང་དུ་སླེབ་ཙམ་གྱི་མེ་མོ་ལུག་
སྤྱི་ལོ་༡༣༦༧
ལ་རོང་སྟོན་ཤཱཀྱ་རྒྱལ་མཚན་ཤར་རྒྱ་མོ་རོང་དུ་བྱོན། ཤར་ཙོང་ཁ་པ་ལས་ལོ་བཅུས་གཞོན། ལོ་བཅོ་བརྒྱད་ཡན་ཆད་དུ་བོན་ལ་འཆད་རྩོད་རྩོམ་གསུམ་གནང་། བཅོ་བརྒྱད་པ་ལ་གསང་ཕུ་ནེའུ་ཐོག་གི་ཆོས་གྲྭར་གླིང་སྟོད་པ་རིན་ཆེན་རྣམ་རྒྱལ་དང་། ཀོང་སྟོན་བློ་གྲོས་དབང་ཕྱུག་གི་དྲུང་དུ་རྔོག་ལོ་ནས་བརྒྱུད་པའི་ཕར་ཚད་བསྡུས་གསུམ་དང་། དབུ་མ་རང་བརྒྱུད་པའི་བཤད་སྲོལ། སྐྱོར་མོ་ལུང་གི་མཁན་ཆེན་དཀའ་བཞི་པ་དང་། འཕན་ཡུལ་གྲོ་པའི་མཁས་པ་དམར་སྟོན་ལ་འདུལ་བ་སྨད་ལུགས་བྱ་འདུལ་དང་ཐོག་མ་དཀའ་ཆེན་གྱི་བཤད་སྲོལ། མངོན་པ་མཛོད་མཆིམས་ལུགས་ཀྱི་བཤད་སྲོལ། ཐང་ཟག་པ་སྤྲུལ་སྐུ་གཞོན་ནུ་རྒྱལ་མཚན་ལ་དབུ་མ་ཐལ་འགྱུར་བ་ཚབ་ཀྱི་བཤད་སྲོལ། ལོ་པ་ཤཱཀྱ་རིན་ཆེན་གྱི་དྲུང་དུ་མངོན་པ་གོང་མ་སོགས་ལ་སྦྱངས། ལོ་ཉེར་གཉིས་པ་ལ། གྲོ་པའི་མཁན་པོ་ཀུན་དགའ་རྒྱལ་མཚན་དང་དམར་སྟོན་པའི་དྲུང་དུ་