R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • ཤོག་ལྷེ། (མ་དཔེ། A): ༢༢༡
[A:༢༢༡] བཤད་ཀྱི་བཀའ་བབས་ནི་བདག་ཆེན་རྡོ་རྗེ་འཆང་མ་ཏི་ཧཱཙྪ་ཤྲཱི་བྷ་དྲ་ཁོ་ནའོ། སུམ་སྟོང་ལྔ་བརྒྱ་དང་ཉི་ཤུ་རྩ་གསུམ་འདས་པའི་རྩ་བཞི་པ་ལྕགས་མོ་ལུག་
སྤྱི་ལོ་༡༣༩༡
ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་དཔལ་ལྡན་ས་སྐྱའི་གུང་རུ་བ་ཞེས་པའི་འབྲོག་གནས་སུ་བྱོན། འབྲོག་མ་ཚུགས་པར་ཁ་ཡུལ་ཆགས་ཏེ་རྫི་བོ་སོགས་ཀྱང་མཛད། ལོ་བཅོ་ལྔ་པ་ལ་དཔལ་ལྡན་སྣར་ཐང་གི་གདན་ས་བཅུ་བཞི་པ་གྲུབ་པ་ཤེས་རབ་ལས་རབ་ཏུ་བྱུང་སྟེ། ཐོས་བསམ་གྱི་གཞི་བཙུགས། ཉི་ཤུ་པ་ལ་སྣར་ཐང་གི་གཙུག་ལག་ཁང་དུ་གྲུབ་པ་ཤེས་རབ་དེ་ཉིད་ལས་བསྙེན་པར་རྫོགས། ཉེར་ལྔ་པ་ཤིང་མོ་ལུག་ལོར་དབུས་ལ་བྱོན་ཏེ། ཁྲ་འབྲུག་ཏུ་སེམས་དཔའ་ཆེན་པོ་ཀུན་བཟང་ལ་དབུ་ཚད། ཐང་པོ་ཆེར་རོང་སྟོན་ཤཱཀྱ་རྒྱལ་མཚན་ལ་ཕར་ཕྱིན་གསན། བཀྲ་ཤིས་རྡོ་ཁར་རྗེ་བཙུན་ཙོང་ཁ་པ་ཆེན་པོ་དང་མཇལ་ཏེ། གྲངས་ངེས་རྣམ་འབྱེད་སོགས་གསན། གསང་པུར་ཤེས་སེང་ལ་ཕར་ཚད་སོགས་གསན། གྲོ་སར་དམར་སྟོན་དཔལ་ལྡན་རིན་ཆེན་དང་རྒྱ་མཚོ་རིན་ཆེན་གཉིས་ལ་འདུལ་བ་གསན་ཏེ། མེ་ཕོ་རྟའི་བར་ལོ་ བཅུ་གཉིས་དབུས་སུ་བཞུགས། མེ་ཕོ་རྟ་ལ་གཙང་ལ་བྱོན། བང་ཆེན་སོགས་སུ་འཆད་ཉན་མཛད། བཞི་བཅུ་པ་ལྕགས་ཕོ་ཁྱི་ལ་འཇུག་པའི་རྣམ་བཤད་མཛད། ཞེ་གཅིག་ཕག་ལོ་ལ་སྟོད་ལྷོ་ཤེལ་དཀར་སོགས་སུ་ཆོས་དབྱར་བཏེག མཁས་གྲུབ་དཔལ་སངས་རྒྱས་དང་བགྲོ་གླེང་མཛད། པདྨ་ཆོས་སྡིངས་སུ་བོ་དོང་ཕྱོགས་ལས་རྣམ་རྒྱལ་ལ་སྒྲོལ་མའི་དབང་སོགས་གསན། ཞེ་གསུམ་པ་ཆུ་མོ་གླང་ལ་རྩ་ཤེའི་རྣམ་བཤད་མཛད། ཉིད་ཀྱི་ལྔ་བཅུ་རྩ་བདུན་པ་མེ་མོ་ཡོས་ལ་བཀྲ་ཤིས་ལྷུན་པོའི་ཆོས་གྲྭ་ཆེན་པོ་བཏབ་སྟེ། འཆད་རྩོད་རྩོམ་གསུམ་གྱིས་བསྟན་པ་རིན་པོ་ཆེ་གསལ་བར་མཛད། བརྒྱད་ཅུ་རྩ་བཞི་པ་ཤིང་མོ་རྟ་ལོ་ཚེས་བརྒྱད་ལ་ཞི་