R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • ཤོག་ལྷེ། (མ་དཔེ། A): ༢༣༣
[A:༢༣༣]གཅིག་ལ་ཞི་བར་གཤེགས་སོ། བསྟན་པ་འཛིན་པའི་སློབ་བུ་ཡང་། ཀོང་སྟོན་དབང་ཕྱུག་གྲུབ་པ། མུས་རབ་འབྱམས་པ་ཐུགས་རྗེ་དཔལ་བཟང་པོ། དཀའ་བཅུ་སྨྲ་བ་བསོད་ནམས་རྒྱ་མཚོ་སོགས་བགྲང་བར་མི་བཟོད་པ་བྱོན། དེས་ན་ཤིང་བྱི་འདི་པཎ་ཆེན་འདི་བྱོན་པའི་ས་མོ་བྱ་ནས་བརྒྱ་དང་སོ་དྲུག་པ་ཡིན་ནོ།
སུམ་སྟོང་ལྔ་བརྒྱ་དང་རེ་ལྔ་འདས་པའི་རེ་དྲུག་པ་ཆུ་མོ་གླང
སྤྱི་ལོ་༡༤༣༣
ལ། Biographical Sketch of 'Bum phrag gsum pa རྒྱལ་བ་འབུམ་ཕྲག་གསུམ་པ་དང་། འཇམ་དབྱངས་ཀུན་དགའ་ཆོས་བཟང་གཉིས་བྱོན། འདི་པཎ་ཆེན་ཤཱཀྱ་མཆོག་ལྡན་ལས་ལོ་ལྔ་དང་། ཀུན་མཁྱེན་གོ་རབ་འབྱམས་པ་ལས་ལོ་བཞིས་གཞོན་པ་ཙམ་མོ། དེ་ཡང་རྗེ་པཎ་ཆེནགཡས་རུ་བྱང་གི་སའི་ཐིག་ལེ། འཇམ་གསར་ལྷ་སྡིངས་ཞེས་གྲགས་པའི་འདབས་ཁང་དམར་བྲག་ཁུང་དུ་བྱོན། ལོ་བདུན་པའི་ཚེཆོས་རྒྱལ་དཀོན་མཆོག་ལེགས་པས་བྱམས་ཆེན་འཛམ་གླིང་རྒྱུན་གཅུག་ལགའག་ཁང་དང་བཅས་པ་བཞེངས། བྱམས་ཕྲུག་བདུན་བརྒྱ་གསར་དུ་བསྡུས་པའི་སྐབས་སུ། སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག་གིས་མཁན་པོ་མཛད་ནས་རབ་ཏུ་བྱུང་། མདོག་ཆོས་འཁོར་སྒང་དུ་པཎ་ཆེན་སངས་རྒྱས་སེང་གེབྱང་སེམས་བློ་གྲོས་རིན་ཆེནདོལ་ཕྲུག་ཆོས་བཟང་རྣམས་ལས། གཞུང་ལུགས་ཆེན་པོ་ལ་གསན་པ་རྩལ་(བཙལ་) དཔལ་ལྡན་ས་སྐྱར་བཀའ་བཅུའི་བཤད་པ་ལེགས་པར་རྩལ། ཨེ་ཝཾ་ཆོས་ལྡན་ནས་འཁྱུད་དེ། འབྲས་ཡུལ་སྐྱེད་ཚལ་དུ་ཀུན་མཁྱེན་བྱམས་ཆེན་རབ་འབྱམས་པའི་ཞབས་པད་བསྟེན། རྗེ་འདི་དང་རྩེ་ཐང་སངས་ལྷུནཞ་ལུ་དཀའ་བཅུ་པ་གསུམ་ལ་འབུམ་འཛིན་པའི་བཀའ་གནང་ཕེབས། རྗེ་འདིས་ཟླ་བ་གཅིག་ལ་ཐུགས་སྨིན། ཚིག་དོན་གྱི་