[A:༢༤༢]དབང་ཆོས་རྒྱལ་ཡབ་སྲས་མཉེས་པར་བྱས་ཏེ། འཚོ་བའི་རྟེན་དུ་ཆོས་གཞིས་བཟང་པོ་ཞུས་ཏེ་མཉན་ཡོད་ལ་མཐུན་པའི་རྐྱེན་དུ་སྦྱར། ཞེ་བརྒྱད་པ་ལ་ངམ་རིངས་ཆོས་སྡེའི་དབུ་མཛད། ཡ་ག་ཆོས་སྡིངས་ཀྱི་བཤད་གྲྭ་སྐྱོངས་ཤིག་པར་ཆོས་ཀྱི་རྒྱལ་པོ་ཚེ་དབང་རྡོ་རྗེ་ཡབ་སྲས་ཀྱི་བཀས་བཀུག་སྟེ། ལོ་བདུན་དུ་འཆད་པའི་དབྱངས་སྙན་པར་ཟློས། ལྔ་བཅུ་རྩ་ལྔ་པ་ལ་གནས་བཟང་པོ་གཉག་ཕུར་གདན་ཕབ་སྟེ་ཟབ་དོན་ཉམས་སུ་བཞེས། དྲུག་ཅུ་རྩ་གཅིག་པ་གླང་གི་ལོ་ལ། ཆོས་ཀྱི་རྒྱལ་པོ་ཀུན་དགའ་རིན་ཆེན་སྐུ་མཆེད་ཀྱིས་དཔལ་ངམ་རིངས་ཀྱི་མཁན་པོར་མངའ་གསོལ་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བཞིན་པའོ། མཐའ་དགུང་ལོ་གྱ་གཅིག་པ་བྱ་ལོ་ཟླ་བ་གསུམ་པའི་ཉི་ཤུ་དགུ་ལ་དག་པའི་ཞིང་དུ་གཤེགས།
ཁོ་བོ་ཅག་གིས་ཀྱང་བྱ་གཤོངས་ནས་ཉེར་གཉིས་ལ་ཞབས་དྲུང་དུ་འབྱོར། སྐུ་མཉེལ་བ་མེད་པར་ཆོས་ཟབ་མོའི་འབེབལ་གཏམ་ཆེར་མཛད། ཉེར་ལྔའི་ཐོ་རེངས་ཁྱེད་འཆད་ཉན་འཆག་ཕྱིན་པ་དྲག་གསུངས། བདག་སྐུ་ཁམས་ཀྱི་ཚོ་ཟིན་ཟིན་མི་འགྲོ་ཞུས་པས། སྐུ་ཁམས་ཀྱི་ཚོད་དེ་རིང་ཟིན་ཡོང་གསུངས། ཅུང་གདངས་སུ་འགྲོ་བ་ཡིན་ནམ་སྙམ་པ་ལས་མ་བྱུང་། ཉིན་པར་ཡང་ཐུགས་དགྱེས་པའི་འབེལ་གཏམ་ཁོ་ན་གནང་། དགོང་མོ་ཐུགས་དམ་རྫས་རྗེས་མནལ་ཅུང་ཟད་མཛད། དེ་སད་མཚམས་སྐུ་དྲང་པོར་བསྲང་སྟེ་ད་ཁོ་བོ་ལ་གསལ་འདེབས་ཀྱིས་ཤིག་གསུངས། ཁོ་བོས་ཀྱང་གསལ་འདེབས་འབུལ་ལུགས་བགྱིས། འཇིགས་པའི་ཚབ་ཚུབ་མ་དགོས་ལྷོད་ཀྱིས་ལྷོད་གསུངས། བུམ་དབང་གི་འདའ་ཀ་མ་ཕུལ་བས་དེ་མིན་གསུངས། གོང་མ་གསུམ་གྱི་འདའ་ཀ་མའི་གསལ་འདེབས་ཕུལ་བས་དེ་བཞིན་ཡིན་གསུངས། ཐུགས་དགྱེས་བཞིན་དུ་ལྟ་སྟངས་