R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • ཤོག་ལྷེ། (མ་དཔེ། A): ༢༤༣
[A:༢༤༣]མཛད་དེ་མཉམ་པར་གཞག ལྟ་བ་སྤྲོས་བྲལ་ལ་བློ་ཕྱམ་འགྲོ་ན་འདའ་ཀ་མ་མི་ཐེབས་མི་སྲིད་ཚེ་འདི་དང་མཐོང་ལམ་གྱི་བར་ན་དར་ཙམ་ལས་མེད་ཅེས་གསུངས་པ་ལྟར། འདའ་ཀ་མའི་ངང་དེ་ཉིད་ལ་ས་དང་པོའི་གྲུབ་མཐའ་འཁོར་འདས་དབྱེར་མེད་སྙོམས་པར་གདོན་མི་ཟ་བའི་ངེས་པ་རྙེད་པ་ལགས་སོ། རྗེ་བཙུན་དམ་པ་ཀུན་དགའ་གྲོལ་མཆོག་མེ་མོ་ཡོས་ལ་གློ་བོར་བྱོན། དྲུག་ཅུ་པ་མེ་སྟག་ཟལ་བ་བཅུ་གཉིས་པའི་ཚེས་བརྒྱད་ལ་ཆོས་ལུང་བྱང་རྩེར་གཤེགས། རྗེ་བློ་གསལ་རྒྱ་མཚོ་ཤིང་ཕོ་སྟག་ལ་འདར་མང་མཁར་རྨུ་རུ་བྱོན། དོན་གསུམ་པ་མེ་སྟག་ཟླ་བ་བདུན་པའི་ཚེས་བཅོ་ལྔ་ལ་འདར་སྣང་ཚར་རམ་གྲང་མོ་ཆེའི་དགོན་པར་གཤེགས། རྗེ་འདི་གཉིས་གཤེགས་པའི་མེ་སྟག་ནི། འདས་ལོ་ནས་སུམ་སྟོང་དགུ་བཅུ་རྩ་དགུ་པ་ཡིན་ནོ། ཞེས་གོང་དུ་བཤད་པ་ལས་ཤེས་དགོས། ཁོ་བོ་ཅག་གི་འདྲེན་པ་འདི་གསུམ་གྱི་རྣམ་པར་ཐར་པ་ནི་ལོགས་སུ་སྤྲོ་བར་ཤ་ཆགས་པས་འདིར་མ་བྲིས་སོ། འདིར་བསྟན་རྩིས་མཛད་པ་པོའི་རྣམ་པར་ཐར་པ་ཡང་ཕྱིར་ལོགས་ནས་འཆད་དོ། ཞེས་སྨྲ་བར་བྱའོ། གཉིས་པ་དགོན་གནས་རིམ་པར་བྱོན་ཚུལ་ལ། བསྟན་པ་ཕྱི་དར་ལ། འདས་ལོ་སུམ་སྟོང་བརྒྱ་དང་དོན་ལྔ་འདས་པའི་དོན་དྲུག་པ་ཆུ་མོ་ལུག་
སྤྱི་ལོ་༡༠༤༣
ལ་མང་མཁར་མུ་གུ་ལུང་ཞེས་གྲགས་པ་ལམ་འབྲས་པའི་གནས་དེ་བྱོན། འདེབས་པ་པོ་རྗེ་ག་ཡ་དྷ་ར་དང་འབྲོག་མི་ཡིན། ཆུ་མོ་ལུག་དེ་ནས་ཤིང་ཕོ་བྱི་ལོའ་བར་ལ་ལྔ་བརྒྱ་དང་ཉི་ཤུ་རྩ་གཉིས་ལོན།
སུམ་སྟོང་བརྒྱ་དང་བརྒྱད་ཅུ་རྩ་གཅིག་པ(འདས་པའི་རྩ་གཉིས་) ས་མོ་