R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • ཤོག་ལྷེ། (མ་དཔེ། A): ༢༣
[A:༢༣] རྒྱལ་པོ་ཤར་པ་ཡང་དག་པའི་ལམ་ལ་བཀོད་ཅེས་བཤད།
དེ་ལྟར་སངས་རྒྱས་ནས་ལོ་ཞེ་ལྔའི་བར་འགྲོ་དོན་མཛད་ནས།
ཏིའུ་ར་པས་བདུན་ཅུ་དོན་དྲུག་པ་ལ་དམ་ཆོས་པདྨ་དཀར་པོ་གསུངས། བརྒྱད་ཅུ་པ་ལ། སྔོན་དྲང་སྲོང་གིས་འབྲས་སོ་བའི་ཆར་ཕབ་པས་འབྲས་སྤུངས་སུ་གྲགས་པ། ལྷས་བརྩིགས་པ་ཤྲཱི་དྷ་ཉ་ཀ་ཏ་ག་སྟེ་དཔལ་སོ་བའི་ཕུང་པོའམ། འབྲས་སྤུངས་ཀྱི་མཆོད་རྟེན་ཕྱེད་མཚོའི་ནང་དུ་ནུབ་པར་ཟླ་བ་བཟང་པོས་ཞུས་པའི་ངོར་དུས་འཁོར་རྩ་རྒྱུདཀྱེ་རྡོར་འབུམ་ཕྲག་ལྔ་པ་སོགས་དང་། མདོ་དགོངས་འགྲེལལང་གཤེགསམྱང་འདས་ཆེན་པོ་སོགས་གསུངས་སོ་ཞེས་བཤད། དེ་ཡང་དགོངས་འགྲེལ་ཡངས་པ་ཅན་དང་། ལང་གཤེགས་སྔོན་སྲིན་པོས་བཟུང་བ་ལང་ཀའི་ཡུ་དང་། མྱང་འདས་རྩྭ་མཆོག་ཏུ་གསུངས་པ་ཞེས་བཤད།
བརྒྱད་ཅུ་པ་ལ་མྱ་ངན་ལས་འདས་པའི་ཟླ་ཚེས་ལ་ཡང་སྔར་བཤད་པ་ལྟར། སྨིན་དྲུག་ལ་ངོས་བཟུང་བ་དང་། ས་ག་ཟླ་བ་ལ་ངོས་བཟུང་བ་དང་། མདོ་ཏིང་ངེ་འཛིན་མཆོག་དམ་པ་དང་། མྱ་ངན་ལས་འདས་པའི་དཔེ་འགའ་ཞིག་ལས་དཔྱིད་འབྲིང་ལ་ངོས་བཟུང་བ་ཡང་སྣང་ཞིང་། ཁྱད་པར་མྱང་འདས་ལས་སེང་གེ་སྒྲས་གསོལ་བ། དེ་བཞིན་གཤེགས་པ་ཐོག་མར་བལྟམས་པ་ནས་རབ་ཏུ་བྱུང་བ་དང་ངོན་པར་བྱང་ཆུབ་པའི་ཕྱིར་དང་། ཆོས་ཀྱི་འཁོར་ལོ་བསྐོར་བའི་བར་དུ་ཀུན་ཀྱང་ཚེས་བརྒྱད་དངས་སྦྱོར་ན། མྱ་ངན་ལས་འདའ་བ་འབའ་ཞིག་ཚེས་བཅོ་ལྔར་སྦྱོར། བཀའ་སྩལ་པ་ཚེས་བཅོ་ལྔ་ལ་ཟླ་བ་སྐྱེ་བྲི་མེད་པ་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱང་དེ་འདྲ་སྟེ། ཞེས་སོགས་གསུངས་ནས། སྐུ་བལྟམས་པ་དང་། སངས་རྒྱས་པ་དང་། ཆོས་འཁོར་བསྐོར་བ་སོགས་ཚེས་བརྒྱད་དང་། མྱ་ངན་འདས་པ་ཚེས་བཅོ་ལྔ་ལ་ངོས་བཟུང་བ་ནི། སྔར་དང་