R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • ཤོག་ལྷེ། (མ་དཔེ། A): ༣༩
[A:༣༩] འདས་ལོ་ནས་ལོ་སྟོང་དང་ལྔ་བརྒྱ་གྱ་དགུ་འདས་པའི་དགུ་བཅུ་པ་མེ་མོ་སྦྲུལ་ལ་
སྤྱི་ལོའི་སྔོན་གྱི་ལོ་ ༥༤༣
མཐོ་བཙུན་གྲུབ་རྗེ་མཆེད་ཀྱིས་བཞེངས་པའི་རྡོ་རྗེ་གདན་གྱི་མ་ཧཱ་བོ་དྷི་བྱོན། མེ་སྦྲུལ་དེ་ནས་ཉིས་སྟོང་བརྒྱ་དང་བརྒྱད་ལོན་པ་ནི་ཆུ་མོ་ཕག་ལོ་འདིའོ། ཁྱིམ་བདག་མ་ཧཱ་པ་ལའི་བུ་ཆུང་བས་བཞེངས་པའི་གནྡྷོ་ལའི་ནང་གི་མ་ཧཱ་བོ་དྷི་ནི་འདིའི་གོང་དུ་བྱོན་ཞེས་བཤད་ཟིན་ཏོ།
འདས་ལོ་ནས་ལོ་སྟོང་དང་བརྒྱད་བརྒྱ་ཉེར་དགུ་འདས་པའི་སུམ་ཅུ་པ་མེ་མོ་སྦྲུལ་ལ་
སྤྱི་ལོའི་སྔོན་གྱི་ལོ་ ༣༠༣
གནས་བརྟན་ཆོས་སྐྱོངདཔལ་ལྡན་བཻ་རཱུ་པdm: བི་རཱུ་པ,བཱིརྱ་པབྱོན། ཁོང་གི་དོན་གཉིས་ལོན་པ་ས་ཕོ་འབྲུག་གི་ས་ག་ཟླ་བའི་ཉེར་གསུམ་ལ་བདག་མེད་ལྷ་མོ་བཅུ་ལྔའི་དཀྱིལ་འཁོར་དུ་བཅུག་སྟེ་ས་དང་པོ་བརྙེས། ཉེར་དགུའི་དགོང་ས་དྲུག་པ་བརྙེས་སོ། བརྟུལ་ཞུགས་ཀྱི་སྒོ་ནས་རྒྱལ་བའི་བསྟན་པ་གསལ་བར་མཛད་ཅིང་། སློབ་མའི་གཙོ་བོ་ཤར་ཕྱོགས་ནག་པོ་པ་ལ་གསུངས་ངག་རྡོ་རྗེ་ཚིག་རྐང་གི་སྒོ་ནས་སྐལ་དམན་རིམ་འཇུག་པའི་ལམ་བཟང་དང་། ཌོམྦྷི་པ་ལ་སྤྲོས་མེད་རྡོ་རྗེའི་ཚིག་རྐང་གི་སྒོ་ནས་སྐལ་ལྡན་གཅིག་ཆར་བའི་ལམ་བཟང་བསྟན་པའི་སྒོ་ནས་རྡོ་རྗེ་ཐེག་པའི་བསྟན་པ་གསལ་བར་མཛད། བཻ་རཱུ་པ་བྱོན་པའི་མེ་སྦྲུལ་ནས་ལོ་སྟོང་དང་བརྒྱད་བརྒྱ་རེ་བརྒྱད་པ་ནི་ཤིང་བྱི་འདིའོ། བིར་ཝ་པ་འདི་ཉིད་སྭ་ཝ་ན་ཐའི་dm: སོ་མ་ན་ཐའི རྡོའི་སྐུ་ལ་ཐིམ་ནས་ད་ལྟ་ཡང་སྐལ་ལྡན་དང་དངོས་སུ་མཇལ་བའི་སྐབས་ཡོད་ཀྱི་སྐུ་མྱ་ངན་ལས་འདས་པའི་ཚུལ་ནི་མ་བསྟན་ཏོ།
འདས་ལོ་ནས་ལོ་ཉིས་སྟོང་བཞི་བརྒྱ་སུམ་ཅུ་འདས་པའི་སོ་གཅིག་པ་ས་ཕོ་རྟ་ལ་
སྤྱི་ལོ་ ༢༩༨
ཟླ་གྲགས་བྱོན། ཁོང་གིས་ལོ་ལྔ་བརྒྱ་བཞུགས།