R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • ཤོག་ལྷེ། (མ་དཔེ། A): ༤༠
[A:༤༠] ས་ཕོ་རྟ་དེ་ནས་ད་བར་ལོ་སྟོང་དང་ཉིས་བརྒྱ་རེ་བདུན་ནོ། འདས་ལོ་ནས་ཉིས་སྟོང་བརྒྱ་དང་གྱ་ལྔ་པ་ཆུ་ཕོ་འབྲུག་ལ་
སྤྱི་ལོའི་སྔོན་གྱི་ལོ་ ༥༢
རིགས་པའི་ཁུ་བྱུག་བྱོན། ཆུ་འབྲུག་དེ་ནས་བརྒྱད་བརྒྱ་དང་བཅུ་གསུམ་མོ། འདིས་ལོ་སུམ་བརྒྱ་བཞུགས། ཁོང་གིས་ཞེ་དྲུག་ལོན་པའི་ཚེ་ཟླ་བ་གྲགས་པ་འདས་ཟེར་བ་རྡོ་རྗེ་རྒྱལ་མཚན་གྱི་ངོ་མཚར་སྣང་བའི་ཁ་སྐོང་ན་ཡོད།
འདས་ལོ་ནས་སུམ་སྟོང་བརྒྱད་ཅུ་རྩ་བརྒྱད་འདས་པའི་རྩ་དགུ་པ་མེ་ཕོ་འབྲུག་ལ་
སྤྱི་ལོ་ ༩༥༦
ནཱ་རོ་པ་བལྟམས། མེ་འབྲུག་དེ་ནས་དྲུག་བརྒྱ་དང་དགུའོ། ཁོང་གིས་བརྒྱད་ཅུ་རྩ་ལྔ་བཞུགས་ཏེ་ཚེས་བཅུའི་དགོང་གླིང་བུའི་སྒྲ་དི་རི་རི་དག་པའི་ཞིང་དུ་གཤེགས་ཀྱི་སྐུ་ལུས་སྤངས་པ་ནི་མིན་ནོ།
འདས་ལོ་ནས་སུམ་སྟོང་བརྒྱ་དང་ཉེར་བདུན་པ་ཤིང་ཕོ་རྟ་ལ་
སྤྱི་ལོ་ ༩༩༤
དཔལ་ལྡན་ཨ་ཏི་ཤ་བྱོན། ཤིང་རྟ་དེ་ནས་ལྔ་བརྒྱ་དང་དོན་གཅིག་པ་ནི་ཤིང་བྱི་འདིའོ། ཁོང་གིས་དོན་གསུམ་བཞུགས་པའི་རེ་གཅིག་པ་ཤིང་ཕོ་རྟ་ལ་བོད་དུ་བྱོན། ལོ་བཅུ་གསུམ་བཞུགས་ནས་ཆུ་ཕོ་རྟའི་ཚེས་བཅོ་བརྒྱད་ལ་སྐུ་གཤེགས་སོ།
ཇོ་བོ་རྗེའི་དགུང་ཟླ་སོགས་ལའང་མི་མཐུང་པ་མང་དག་འདུག་ཀྱང་འདིར་དུས་གསལ་སོར་བཞག་པ་ཡིན་ལ། ཟླ་གྲགས་བྱོན་པའི་མཚམས་ཀྱང་། ཀླུ་སྒྲུབ་བྱོན་པའི་མཚམས་དང་ལོ་ཉིས་སྟོང་སུམ་ཅུ་ཙམ་གྱི་ཧ་ཅང་བར་ཁྱད་ཞུགས་པ་འདི་ཡང་དུས་གསལ་སོར་བཞག་པ་ཡིན་གྱི་ངེས་པ་རྙེད་པའི་ལུང་རིག་ནི་མེད་དོ། གཉིས་པ་བོད་གངས་ཅན་དུ་བསྟན་པ་དར་ཚུལ་ནི། རབ་དབྱེ་ལས། ཕྱི་ནས་གངས་རིའི་ཁྲོད་འདི་རུ༎ སངས་རྒྱས་བསྟན་པ་ལེགས་པར་བསྒྱུར༎