R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • ཤོག་ལྷེ། (མ་དཔེ། A): ༥༠
[A:༥༠] ཨག་ཚོམ་གྱི་ཁབ་ཏུ་བླངས། ཨོང་ཇོ་དེས་ཇོ་བོ་ལྷོ་སྒོ་ནས་བཏོན་ནས་འཕྲུལ་སྣང་གི་གཙུག་ལག་ཁང་དབུས་མར་བཞུགས་སུ་གསོལ། ཨོང་ཇོ་དང་མེས་ཨག་ཚོམ་གྱི་%འཚིམས་ཁྲི་ཐོག་རྗེ་ཐང་ལ་འབར%་སྲས་ཁྲི་སྲོང་ལྡེ་བཙན་འདས་ལོ་ནས་ཉིས་སྟོང་བརྒྱད་བརྒྱ་རེ་གཉིས་འདས་པའི་རེ་གསུམ་
སྤྱི་ལོ་༧༣༠
པའམ། སྲོང་བཙན་སྒམ་པོ་བྱོན་པའི་མེ་གླང་ནས་བརྒྱ་དང་བཅུ་བཞི་པ་ལྕགས་ཕོ་རྟ་
སྤྱི་ལོ་༧༣༠
ལ་འཁྲུངས། ཁོང་རང་གི་བཅུ་གསུམ་པ་ལ་ཡབ་འདས་ཏེ་ཁོང་ནར་མ་སོན་པའི་ཚེ་ཆོས་ལ་མི་དགའ་བའི་བདུད་བློན་ཅོ་རོ་སྐྱེས་པ་རྒྱལ་སོང་མ་ཞང་གྲོམ་པ་སྐྱེས་དང་གསུམ་གྱིས་ཤཱཀྱ་མུ་ནེ་རྒྱ་ཡུལ་དུ་སྐྱེལ་བར་བརྩམས་པ་མི་སུམ་བརྒྱས་མ་ཐེག་པར་བྱེ་ཐེམས་སུ་སྦས། ལྷ་སར་བཤས་ར་བྱས། འཁར་ཤག་(མཁར་བྲག) དང་མགྲིན་བཟང་གཉིས་བཤིག། ཆོས་རྣམས་སྦས་ཤིང་བཅུགས་པ་སོགས་བྱས་ཏེ་ཆོས་ཁྲིམས་བཤིག་པར་བརྩམ་སྟེ། དེའི་ཚེ་མཆིམས་ཁྲི་ཐོག་རྗེ་རྒྱབ་གས་ནས་ཤི་བ། ཅོ་རོ་སྐམ་ནས་ཤི་བ་སོགས་བྱུང་ནས། ལྷ་སྦས་པས་ལན་ཟེར་ནས། དྲེའུ་གཉིས་ཀྱིས་བཏེགས་ནས་ལྷ་ཤཱཀྱ་མུ་ནེ་སྐྱིད་གྲོང་དུ་བསྐྱལ་ཏེ་ལོ་བཅུ་གསུམ་སྐྱིད་གྲོང་དུ་བཞུགས་འདུག། ཇོ་བོ་མི་བསྐྱོད་རྡོ་རྗེ་ཤར་ཕྱོགས་ར་མོའི་ཐང་ལ་བསྐྱལ་ནས་ཞག་བདུན་ལུས། སླར་ར་མོ་ཆེར་བཞུགས་སུ་གསོལ།
དེ་ནས་རྒྱལ་པོ་སྐུ་ནར་སོན་ནས། མགོས་རྒན་སོགས་ཀྱི་གྲོགས་བྱས་ཏེ་མ་ཞང་གསོན་དུར་དུ་བཅུག། སྟག་ར་ཀླུ་གོང་བྱང་ལ་སྤྱུགས། ཇོ་བོ་སྐྱིད་གྲོང་ནས་གདན་དྲངས་ནས་ལྷ་སའི་གཙུག་ལག་ཁང་དུ་བཞུགས་སུ་གསོལ། དེ་ནས་རྦ་གསལ་སྣང་གིས་མཁན་པོ་བོ་དྷི་ས་ཏྭ་སྤྱན་དྲངས་ནས། ཕོ་བྲང་རླུང་ཚུབས་སུ་ཟླ་བ་བཞིར་ཁ་ཆེ་ཨཱ་ནན་ཏས་ལོ་ཙཱ་བྱས་ནས། རྒྱལ་པོས་དགེ་བ་བཅུ་