R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • ཤོག་ལྷེ། (མ་དཔེ། A): ༩ན-༢༠༧
[A:༩ན-༢༠༧]༄༅། ། སོགས་ལ་ཕྱག་མདུད་དང་བསྐྲད་པ་གནང་བ་ཙམ་གྱིས་ཕན་ཐོགས་པར་བྱུང་བས། འདི་ནི་གཙང་སྨྱོན་ཆེན་པོའི་རྣམ་པར་ཐར་པ་ལས།ང་ནས་མི་བརྒྱུད་བདུན་གྱི་བར་རྡོ་རྗེ་དྲིལ་བུ་འཛིན་ཤེས་པ་ཙམ་གྱི་ཆོག་ལ། ཁྱད་པར་བདུན་པ་ལ་ང་རང་བས་ཀྱང་མཆོག་ཏུ་གྱུར་བ་འབྱུང་ངོ་ཞེས་ལུང་བསྟན་པ་ལྟར་གྱི་སྤྲུལ་པའི་སྐུ་ཡིན་པར་གདོན་མི་ཟ་བར་འདུག་ཅེས་ཀུན་གྱི་མགྲིན་གཅིག་ཏུ་གྲག་གོ།གཙང་སྨྱོན་ཆེན་པོའི་རྣམ ཐར། དེ་ལྟར་ཡང་རྗེ་ཉིད་གསུང་ལས། སྔོན་གྱི་ཚུལ་ཁྲིམས་སྨོན་ལམ་ཅུང་ཟད་ཀྱིས། །ལས་འཕྲོ་དགེ་བའི་རྐྱེན་གྱིས་སད་པའི་མཐུས། །ཁ་བ་ཅན་གྱི་ཡུལ་ལྗོངས་སིལ་མ་རུ། ཡོལ་ལྕགས་རིག་པ་འཛིན་པའི་རིགས་བརྒྱུད་ནི། ར་སྐྱེསལོ་གསར་སྐྱིད་ཅེས་བྱ་བ་ལས། ལྕགས་མོ་ལུག་གི་སྨལ་པོའི་ཉེར་གསུམ་གྱི། །མཚན་ཕྱེད་ཟླ་བ་འཆར་དང་དུས་མཚུངས་སྐྱེས། །དེ་ཚེ་གསེར་འོད་སྐྱབས་ཞེས་མིང་དུ་བཏགས། །རང་གི་ཁུ་བོ་ཆོས་གྲུབ་དཔལ་བཟང་པོས། ལོ་ལྔ་ལོན་ནས་བྲི་ཀློག་ཁ་ཏོན་བསླབས། ལོ་བརྒྱད་ལོན་ཚེ་རྟ་མགྲིན་ལས་བྱང་དང། །ཀུན་རིག་སྨན་བླའི་ཆོ་ག་ཅུང་ཟད་ལ། །བརྟེན་ནས་དཀོར་ཟས་ཟ་བའི་མགོ་བོ་བརྩམས། །གཞན་དག་ཤེས་རབ་ཆེ་ཟེར་རང་ཉིད་ཀྱིས། །ལེགས་པར་བསམས་ན་ཁྲེལ་བའི་གནས་སུ་གོ། apparently from Chos grub seng ge's lost autobiography ཞེས་འབྱུངབྱུང་
གཉིས་པ་ངེས་པར་འབྱུང་བའི་ཐུགས་ཀྱིས་ལེགས་པར་དྲངས་ཏེ་རབ་ཏུ་བྱུང་བའི་ཚུལ་ནི།