R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • ཤོག་ལྷེ། (མ་དཔེ། A): ༩༡བ-༣༧༢
[A:༩༡བ-༣༧༢] འཕགས་ཆེན་རྡོར་རྣམ་པས་གསོལ་བ་བཏབ་ཏེ། དར་ལུང་ཆོས་སྡིངས་ཀྱི་སྒྲུབ་པ་བ་འགའ་ཤས་ལ་བསྙེན་རྫོགས་བཀའ་དྲིན་བསྐྱངས་དགོས་ཞུས་པས། རྗེ་ཉིད་ཀྱི་བཀའ་ལས། བསྙེན་རྫོགས་ཀྱི་དངོས་པོ་བསྒྲུབས་རྗེས་བསླབ་པ་ལ་གཅེས་སྤྲས་མཛད་པ་བྱུང་ན། ཕྱི་ཕ་རོལ་ཏུ་ཕྱིན་པ་དང། ནང་གསང་སྔགས་ཀྱི་ལག་ལེན་གཅིག་ཏུ་དྲིལ་བ་ཤིན་ཏུ་ལེགས་པ་ཡིན་ནོ། །དེ་རང་ཀུན་གྱིས་ཅུང་ཟད་དཀའ་བས། ད་རེས་ཉམས་ལེན་བྱེད་ངེས་རྣམས་བསྙེན་རྫོགས་བྱེད་པ་ལེགས་བཀའ་ཕེབས་པ། ཆོས་རྗེ་རྡོར་རྣམ་པས་བཀའ་སྩལ་དེ་རྣམས་ཅེས་ཀྱང་ཐུགས་བདེན་ཀྱང། རྗེ་འཇིག་རྟེན་མགོན་པོས། རྡོ་རྗེའི་གསུང། ཉམས་པའི་ཉེས་པ་བས་མ་ཐོབ་པའི་ཉེས་པ་ལྕི་ཡང་བྱ་བ་འདི་བཞུགས། ཤེས་།།གསུངས་པས་ཁོ་རང་ཚེ་བསྲུང་མི་བསྲུང་ཅི་ཡིན་ཀྱང། ད་རེས་ཅེས་ཀྱང་བཀའ་དྲིན་བསྐྱང་དགོས་ཤིང། བསྲུང་བའང་མང་པོའི་ཁྲོད་ནས་རེ་རེ་ཙམ་ཡོང་སྲིད་ཞུས་པ་ལ་རྟེན། རྗེ་དྲུང་གི་མཁན་པོ། རིན་པོ་ཆེ་བྲག་ལྕོག་པས་ལས་སློབ། གསང་སྟེ་སྟོན་པ། དུས་བསྒོ་བ། ལས་ཀྱི་ཁ་སྐོངས་སོགས་ཚོགས་ཁྲིད་ནས་གདན་དྲངས་མཁན་སློབ་དགེ་འདུན་དང་བཅས་པའི་དབུས་སུ། གཞིས་བྱེས་ཀྱི་གང་ཟག་བརྒྱ་ཕྱིན་ལ་ཞག་མང་པོ་སྦྲེལ་ཏེ། དགེ་བསྙེན་ཉིད་དང་། དགེ་