R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • ཤོག་ལྷེ། (མ་དཔེ། A): ༩༢བ-༣༧༤
[A:༩༢བ-༣༧༤] བུ་ནི་མ་འོངས་པ་སྔོན་དུ་གཟིགས་པའི་དུས་མཁྱེན་པར་འཁུམས། དེ་ཉིད་དུ་ཨརྒེར་ཕེབས་ནས་རྗེས་སུ་འཛིན་པའི་ཚུལ་གནང་བ་ན། སྐབས་ཤེད་དུ་བཀའ་ལས། ཉེ་གནས་དེ་ཡུན་རིང་པོར་རྨི་ལམ་དུ་མ་བྱུང་བས་གནས་ཤིག་རྙེད་པ་ཡིན་ནམ་བསམ་ནའང། ཁོ་ཁྲུས་བྱས་ཆབ་བཟང་པོ་སྤྲད་པ་གཅིག་བྱུང་སྟེ། བདག་པོ་ཏ་ལར་འགྲོ་བའི་བར་ཆད་སེལ་བའི་ཐུགས་དམ་སྐྱབས་འོག་ཏུ་ཆུག་པ་ཞུ་ཟེར་བ་རྨིས་པས། སྐུ་རྩེད་ཀྱི་ཚུལ་དུ་ཁོ་མི་ཧམ་པ་ཅན་ཡིན། པོ་ཏ་ལར་འགྲོ་རུང་མི་འགྲོ་རུང་དེ་སྐད་ཟེར་བར་འདུག་གསུང། དེ་ཕྱིན་ཆད་ནས་ཁོ་བོའི་ཚེ་ཚད་ལོ་བདུན་བཅུ་དོན་གཉིས་དོན་གསུམ་ཙམ་ཡིན། དགོས་པའི་དབང་གིས་ལོ་ཤས་སྡོད་དགོས་པའང་སྲིད་ཅེས་བཀའ་ལན་གཅིག་མིན་པར་གནང། ཡང་རྒྱལ་ཆེན་གླིང་དུ་ནང་སོ་རྒྱལ་བུ་ལ་ཆོས་རྒྱལ་ཆེན་པོའི་འཚེ་བས་དུམ་ཅིག་རྩེས་པ་ལ་ཕེབས་བཞུགས་མྱུར་བར་དགོས་ཤེས་ཞུས་པ་ལ། དེ་མ་ཐག་ཕེབས་པའི་བསྲུངས་འཁོར་བྱིན་རླབས་གནང་བས་བསྙུན་ལས་གྲོལ། མོད་དེ་ཉིད་ནས་ལྷུན་གྲུབ་གླིང་དུ། རྗེ་དྲུང་དང་ཡུམ་སྲས་ལྷན་དུ་སྤྱན་དྲངས་ཏེ། ཞལ་ངོ་རྩེ་རྒྱས་སུ་དབང་རྗེས་གནང་དང། སྐལ་བར་ལྡན་པ་མཐའ་དག་ཀྱང་སྨིན་གྲོལ་ལ་འགོད་པར་མཛད་དོ། །དེ་ཉིད་ནས་ཕྱིར་ཕེབས་རྒྱལ་ཆེན་གླིང་དུ་