R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • ཤོག་ལྷེ། (མ་དཔེ། A): ༩༤ན-༣༧༧
[A:༩༤ན-༣༧༧] ༄༅། །ཡན་ལག་དྲུག་གི་རིམ་པ་དམ་ཚིག་དང་སྡོམ་པའི་རྣམ་བཞག། ལམ་མི་ཉམས་ཤིང་གོང་ནས་གོང་དུ་འཕེལ་བའི་གདམས་པའི་གནད་རྣམས་ཕྱིན་ཅི་ལ་ལོག་པ་སྩལ་བས། རྗེ་བཙུན་ཁྱེད་ནི་འཇམ་དཔལ་གྲགསཔ་གཉིས་པའོ། །ཞེས་ཆེས་ཆེར་བསྟོད་ཅིང། ཕྱིས་ནས་ཀྱང་ཁོ་བོའི་རིགས་ཀྱི་བརྒྱུད་པ་འདི་དག་ལ་གཉིས་སུ་མེད་པའི་རྒྱུད་དཔལ་དུས་ཀྱི་འཁོར་ལོའི་སྨིན་བྱེད་ཀྱི་དབང་ཡོངས་སུ་རྫོགས་པ་དང། གྲོལ་བྱེད་ཀྱི་ལམ་གྱི་རིམ་པ་མཐའ་དག་བཀའ་དྲིན་གྱིས་སྩལ་བར་མཛད་དུ་གསོལ་ཞེས་ཡང་ཡང་གསོལ་བ་འདེབས་པར་མཛད་དོ། །དར་ལུང་དབེན་པའི་གནས་མཆོག་དེར་བཞུགས་པའི་དུས་ཐམས་ཅད་དུ། སྤྱན་རས་གཟིགས་ཀྱི་སྤྲུལ་པ་མཉམ་མེད་རྒྱལ་བ་དར་ལུང་པ་ཆེན་པོ་སོགས་དག་པ་དང་མ་དག་པའི་འཁོར་དྲངས་གྲངས་མེད་པ་དང་བཅས་པ་ལ། དྲང་བ་དང་ངེས་པའི་དོན་ལས་བརྩིས་པའི་ཆོས་ཀྱི་འཁོར་ལོ་རིས་མེད་པར་སྟོན་པ་ནི། བགྲང་ཞིང་བགྲང་བ་ལས་འདས་པ་ཁོ་ན་ལགས་མོད། དེ་ནས་རྗེ་བྲག་ལྕོག་པ་ཆེན་པོའི་དབོན་ཉིད། རྗེ་ཉིད་ཀྱི་ཡོངས་སུ་འཛིན་པའི་མཁན་པོ། རྗེ་བྲག་ལྕོག་པ་ཉིད་ཀྱིས་ལས་ཀྱི་སློབ་དཔོན་མཛད་དེ། ཚིག་བར་པ་དགེ་ཚུལ་ཉིད་དུ་བསྙེན་པར་རྫོགས་ཤིང། སྔར་ནས་ཀྱང་རིན་པོ་ཆེའི་ཞབས་འབྲིང་དུ་ཟབ་མོའི་གདམས་པ་མཐའ་དག་ཡོངས་སུ་རྫོགས་པར་གསན། ཕྱིས་གདན་ས་ཆེན་པོའི་ཆོས་སྒོ་ལ་སོགས་