R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • ཤོག་ལྷེ། (མ་དཔེ། A): ༩༥ན-༣༧༩
[A:༩༥ན-༣༧༩] ༄༅། །ཤིག་ཅེས་པ་དང་། རྗེ་དྲུང་རང་དུ་སྨྱུག་ལ་པཎ་ཆེན་གྱིས་བརྟན་བཞུགས་སུ་ཕུལ་བའི་མགོན་པོ་ཚེ་དཔག་ཏུ་མེད་པའི་སྐུའི་སྣང་སྙན་དང། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། གང་ཟག་དང་དགེ་འདུན་སྤྱིའི་ཚོགས་ཀྱི་སྟན་སྐྱོབ་པར་གནང་བའི་ཆོས་གོས་གདིང་བ་་མཛེས་ཤིང་མཐའ་གྲུབ་མཉམ་པ་ལ་སོགས་ཏེ་བརྟན་པར་བཞུགས་སུ་གསོལ་བའི་རྟེན་འབྲེལ་མངའ་གསོལ་འབུལ་ནོད་དང་བཅས་པ་འབུལ་བར། དགེ་བཤེས་དཔལ་འབྱོར་དོན་གྲུབ་པ་ཆོས་ཀྱི་མདུན་པ་ཆེན་པོར་བསྐུལ་བ་ལས་མི་རིང་བར་འབྱོར་ཏེ། དུས་དེ་ཉིད་དུ་ནམ་མཁའ་ཐམས་ཅད་མཐོ་རིས་ཀྱི་ལྷའི་བུ་དང་བུ་མོ་རྣམས་ཀྱིས་ཆོས་ཀྱི་སྐྱེས་ཆེན་པོར་མ་ནོད་པར་མཐོར་བའི་མེ་ཏོག་ཁ་དོག་ལྔ་པའི་ཆར་གྱིས་ཡོངས་སུ་གང་བ་དང། ཕྱོགས་ཐམས་ཅད་ནས་འཇའ་ཚོན་གྱི་རི་མོ་རྣམ་པར་བཀྲ་བ་གཅིག་ནས་གཅིག་ཏུ་རྒྱུ་ལག་སྦྲེལ་བ་ལྟ་བུས་ཕྱོགས་ཀུན་ནས་ཡོངས་སུ་བསྐོར་བ་ལས། ཕྱི་རོལ་དུ་གནས་པ་མཐའ་དག་སྤྲུལ་བའི་སྐུ་ཉིད་གཞན་སྣང་དུ་སྐུའི་བཀོད་པ་ཡོངས་སུ་བཏུལ་ཏེ་དུས་འདིར་མྱ་ངན་ལས་འདའ་བའི་ཚུལ་བསྟན་པ་ཞིག་གོ་ཞེས་ཐམས་ཅད་གཏམ་དུ་སྨྲེང་ཞིང་གླེང་བ་དེ་ཉིད་ཀྱི་དུས། ཞབས་དྲུང་ན་འཁོད་པ་མཐའ་དག་གིས་ཁོ་བོ་དག་ཅི་དང་ཅི་ལྟ་བུར་བགྱི་ཞེས་གསོལ་བ་བཏབས་ན། དེ་ཉིད་དུ་རྗེ་ཉིད་ཀྱིས་བརྟན་པར་བཞུགས་སུ་གསོལ་བ་འདེབས་པ་པོ་དག་མངོན་པར་