R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • ཤོག་ལྷེ། (མ་དཔེ། A): ༩༧བ-༣༨༤
[A:༩༧བ-༣༨༤] ཆེན་རབ་འབྱམས་པ་ལ་བཞུགས་པ་ནས། བཀྲ་ཤིས་རྣམ་རྒྱལ་དུ་རྗེ་རྣམ་གཉིས་མི་དབང་ཆེན་པོས་སྤྱན་དྲངས་པའི་དཔོན་སློབ་བྱིན་གྱི་ཞབས་ཏོག་མཛད། འཕགས་དབོན་རིན་པོ་ཆེའི་རྣམ་པར་ཐར་པ་རྒལ་ཚིགས་བཟང་བས་ཁོང་རང་གི་ཆོས་ཞུས་པའི་བླ་མ་མིན་པ་གཞན་མ་བླ་དཔོན་སུ་འཇིགས་རུང་ཕྱག་མི་མཛད་པས། རྗེ་དྲུང་ནས་དབུས་གཙང་གི་བླ་མ་དགེ་བའི་བཤེས་གཉེན་བྱིན་རླབས་གྱི་གཙུག་རྒྱན་དམ་པར་བཞུགས་ཤིང། སྡེ་དཔོན་ཐམས་ཅད་ཀྱི་ཡང་མཆོད་པའི་ཡུལ་མཆོག་ཏུ་གྱུར་བ་འདི་ལྟ་བུ་ལ། ཁོ་བོས་ཀྱང་ཕྱག་འབུལ་བར་རིགས་པ་འདུག་ཅེས་ཐོག་མར་ཕྱག་སྣ་གཏོད་པ་གནང། དེ་ནས་གསུང་ཆོས་འབུལ་བ་གནང་བའི་དང་པོར། གཙོ་བོར། གཉག་དབོན་ཐམས་ཅད་མཁྱེན་པས་ཆོག་སྒྲིགས་སུ་མཛད་པའི་དམར་ནག་དཀྱིལ་འཁོར་དྲུག་གི་བདུན་གྱི་མངོན་རྟོགས་ལེགས་བཤད་ཀུན་བསྡུས་དངས་དཀྱིལ་ཆོག་གཅིག་ཤོས་ཀུན་གྲོལ་གྱི་སྟེང་ནས་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མ། ཞེ་གཅིག་མ། ཞེ་གསུམ་མ། ཞེ་དགུ་མ། རོ་ལངས་བརྒྱ་སྐོར། དགྲ་ནག་གདོང་དྲུག་གཅིག་མ། གཤེད་དམར་ལྷ་བཅུ་གསུམ་མ་རྣམས་ཀྱི་དབང་དང། གཞན་ཡང་གསང་འདུས་གཉིས་མེད་རྣམ་རྒྱལ། འཇིག་རྟེན་དབང་ཕྱུག། འཇམ་པའི་རྡོ་རྗེ་རྣམས་དང། བདེ་མཆོག་མཁའ་འགྲོ་རྒྱ་མཚོས་