R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • ཤོག་ལྷེ། (མ་དཔེ། A): ༩༨ན-༣༨༥
[A:༩༨ན-༣༨༥] ༄༅། །རྟ་མགྲིན་ཡང་གསང་ཁྲོས་པ་ལ་སོགས་པ་རྒྱུད་སྡེའི་དབང་གི་རིམ་པ་མཐའ་དག་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཡོངས་སུ་རྫོགས་པར་གསན། གཞན་ཡང། རྟ་སྤོད་ལ་སོགས་པའི་ལུང་དང། དུས་དེར་མཁའ་འགྲོ་རྒྱ་མཚོའི་དབང་གི་སྐབས་སུ། བགེགས་ཉེ་བར་ཞི་བའི་གཏོར་མ་ཏིང་ལོ་ཆུང་ངུ་ཞིག་སྤར་བ། རྗེ་རྣམ་གཉིས་གཞན་སྟོང་གི་ལྟ་བ་ལས་བརྩིས་པའི་འབེལ་གཏམ་འབྱམས་པའི་ཡུན་ལ་ཇ་སྦྱོར་ལྷག་ཙམ་སོང་ནའང་ཅུང་ཟད་ཀྱང་མ་བྲི་བ་ཀུན་ངོ་མཚར་ཞིང། རྗེ་རྣམ་གཉིས་ཀྱི་གྲུབ་པ་མཆོག་གི་རྟགས་ཁོ་ནའོ་ཞེས་ཐམས་ཅད་ཀྱིས་སྙན་པར་གྲགས། དེ་ནས་འཕགས་དབོན་རིན་པོ་ཆེ་བདེ་ཆེན་དཔལ་འབར་ལ་ཆིབས་ཁ་བསྒྱུར། མཆོད་ཡོན་དྲུང་སྨན་ལྗིག་བདེ་ཆེན་ཕོ་བྲང་དུ་ཕེབས། མིའི་དབང་པོ་ལ་ཚེ་དབང་དང། བྲམ་ཟེ་ཨཱརྱ་དེ་བ་དང། མཁས་པ་ཨཱརྱ་དེ་བའི་གཞུང་ལ་བརྟེན་བའི་གཅོད་སྐོར་སོགས་གསུང་ཆོས་མང་བ་གནང་བའི་སྐབས་ཤིག། ཆུ་བསིལ་བའི་གཤིས་ཀྱིས་སྐུ་ཤིན་ཏུ་བརྟེན་པ་ཅིག་བྱུང་བ་ལ། དར་ལུང། ཆོས་གདེངས། ཨརྒོ་གཟིམས་ཁང་སོགས་གང་དུ་ཕེབས་ན་ལེགས་ཀྱི་དགོངས་ལེན་ཞུས་པ་ན། སྨན་ལྗིག་གི་བྲག་བསོད་ནས་རྣལ་མ་དཀར་པོའི་ཕྲུ་གུ་གཉིས་པ་ཅིག་བརྐྱང་བྱུང་བ་དར་ལུང་གི་གཟིམས་ཁང་ཐོག་དང། ཨརྒེའི་ཐོག་ཏུ་