R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • ཤོག་ལྷེ། (མ་དཔེ། A): ༩༨བ-༣༨༦
[A:༩༨བ-༣༨༦] རེ་རེ་སོང་བའི་དར་ལུང་གི་རྣལ་མ་དེ་ལ། བྲག་བསོད་གསེབ།་ནས་ཕུག་རོན་ཞིག་དོན་ཏེ་འཁྲིས་ནས་སོང་བ་དར་ལུང་གི་ཐོག་ཏུ་བབས་པ་རྨིས་པས། གང་དུ་ཕྱིན་རུང་འགལ་བ་མི་ཡོང་བ་འདུག་རུང། དེ་རེས་དར་ལུང་དུ་འགྲོ་བ་དེ་ཀ་བྱེད་བཀའ་ཕེབས་ཏེ། མིའི་དབང་པོས་ཀྱང་ཕྱག་ཕྱི་གནང། འཚོ་བྱེད་ཀུན་རྣམ་པ་འཕྲོད་བརྟེན་ལ་བཞག་པའི་འཚོ་སྐྱོང་སོ། །མི་དབང་དྲུང་སྨན་ལྗིག་གི་སྐུ་འཚམས་འཕྲོ་འཐུད་ལ་ཐེགས། རྗེ་དྲུང་ཉིད་སྐུའི་འཕྲོད་རྟེན་ཡང་དག་གནང་ཞིང། ཆབ་འཇམ་པའི་ཤུགས་ཀྱིས། སྐུ་ཁམས་དངས་མགྱོགས་ཀྱང་སྐུ་གྲིབ་ཀྱི་རྣམ་པ་ཅུང་ཟད་ཏོག་ཙམ་མདོངས་སྐུ་མཚམས་བཅད་རྒྱ་དམ་པར་གནང་བའི་ཚེ། རྗེ་ཉིད་ཀྱིས་སྔར་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པའི་དྲུང་དུ་གསུང་ངག་རིན་པོ་ཆེ་གསན་ཏེ་ཐུན་བཞིར་ལམ་འདུས་ཀྱི་དབང་བཞེས་པ་གོར་མ་ཆག་པར་གནང་གནས། ཕྱིས་ཚོགས་ཀྱི་ཁྲིམས་ཐོག་ཏུ་ཕེབས་དུས། དགེ་འདུན་གྱི་ཞབས་འདེགས་ལ་དགོངས་པའི་ཆོས་ལྡན་གྱི་མཛད་པ་ཕྱག་ལེན་ལ་བསྟར་དགོས་པ་ལ་རྟེན། ལམ་དུས་ཀྱིས་དཀྱུས་ཆག་པའི་མངོན་དཀྱིལ་ཅུང་ཟད་ཐུགས་བསྙེལ་བའི་རྣམ་པར་ཡོད་པ་ལ། ལམ་དེའི་ཟླ་བ་གསུམ་པའི་ཐོ་རངས་མནལ་ལམ་དུ། ཐམས་ཅད་མཁྱེན་པ་ཆེན་པོ་མདུན་གྱིས་མཁར་ཁ་མདོག་སྣ་ཚོགས་པའི་སྤྲིན་གྱི་