R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • ཤོག་ལྷེ། (མ་དཔེ། A): ༩༩བ-༣༨༨
[A:༩༩བ-༣༨༨] ཏྲ་ཡཱ་ཡ། རང་ལ་བསྐུལ་བའི་ཚིག་མ་མོ་སུམ་བཅུ་པ། བླ་མ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཀ་དག་སྙིང་པོ་
གཞི་ལ་གདོད་མ་ནས་བཞུགས་ཚུལ།
ཡེ་ནས་སངས་རྒྱས་ཀྱང། །ཁ་ཙམ་ཚིག་ཙམ་ཆོས་ཀྱི་གཏིང་མི་དཔོགས། །ག་ཤོད་གཞན་ནས་བཙལ་དུ་ཡོད་པའང་མིན། །ང་རང་ཉིད་ལ་ཡོད་པ་ད་གདོད་གོ། །ཅ་ཅོའི་
ཚེ་འདི་ལ་ཞེན་པ་ལོག་ཚུལ།
དགའ་བས་རང་གཞན་གཡེངས། །ཆ་ལུགས་མཛེས་པ་ཆོས་བརྒྱད་དྲེགས་པའི་རྒྱུ། །ཇ་སོགས་འདོད་ཡོན་ཟས་ལ་སྲེད་པ་སྤང། ཉ་ལ་མཆིལ་པ་བཞིན་དུ་བསྡུ་བྱེད་པའི། །ཏ་
འཁོར་བ་ལ་ཞེན་པ་ལོག་ཚུལ།
་ལའི་ལོ་འབྲས་མཐོ་ཡང་ས་ལྷུང། །ཐ་ཆད་འཁོར་བའི་བདེ་མཐའ་སྡུག་བསྔལ་ཡིན། །ད་ལྟ་བྱང་ཆུབ་སྒྲུབ་ལ་གཡེལ་གྱུར་ན། །ན་རྒས་སྐྱེ་འཆི་སྲིད་མཚོའི་མཐར་མི་ཕྱིན། །པ་ན་
སྙིང་པོའི་དོན་ཉམས་སུ་ལེན་ཚུལ།
ཙེ་ནེའི་ཚིག་མཐའ་ཐུག་པ་མེད། །ཕ་རོལ་ཕྱིན་མཆོག་འོད་གསལ་ཕྱག་རྒྱ་ཆེ། །བ་ཡི་བེའུ་བཞིན་དུ་ལེགས་བསྐྱངས་པའི། །མ་རྣམས་དོན་དུ་ཉིན་མཚན་ཆད་པར་བསྒོམས། །ཙ་རུ་ཉོན་མོངས་འཕེལ་བའི་གྲོགས་མི་བསྟེན། །ཚ་གྲང་སྡུག་བསྔལ་ཕྲ་མོ་ཁྱད་སོད་ལ། །ཛ་ལང་ཐོ་ཅོའི་སྤྱོད་པ་མི་བྱ་ཞིང། །ཝ་མོ་ལྟ་བུའི་ཁྱུག་ཁྱུག་མཐུན་འཇུག་སྤོངས། །ཞྭ་གོས་ལ་སོགས་ངན་ངོན་ཙམ་གྱིས་ཆོག།།ཟ་མའང་ལུས་