R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • ཤོག་ལྷེ། (མ་དཔེ། A): ༡༠༠ན-༣༨༩
[A:༡༠༠ན-༣༨༩] ༄༅། །འཚོ་ཙམ་ལས་ལྷག་ནས་ཅི། །འ་ཅག་སྙིང་ནས་དམ་ཆོས་དྲན་ན་ནི། །ཡ་རབས་འཇིག་རྟེན་ཆེ་ཚུགས་ཉེར་མི་མཁོ། །ར་གན་
ཚིག་གི་བསླུ་བྲིད་སྤོང་ཚུལ།
གསེར་དུ་འཁྲུལ་བས་བླུན་པོ་ཕུང། །ལ་ལའི་གཅམ་བུའི་ཚིག་གིས་རང་ཉིད་བསླུ། །ཤ་
ཉམས་ལེན་མཐར་ཕྱིན་ཏེ་ས་ལམ་ཐོབ་ཚུལ།
ཚ་རང་གིས་བྱས་བཞིན་ཉམས་བླངས་ནས། །ས་ལམ་བགྲོད་དེ་འགྲོ་བ་ཀུན་དོན་དུ། །ཧ་ཅང་རིང་པོར་མི་ཐོགས་རྫོགས་སངས་རྒྱས། །ཨ་དོན་འགྱུར་མེད་ཆོས་སྐུ་རྟོགས་གྱུར་ཅིག།།ཅེས་པའི་ཚིགས་སུ་བཅད་པ་དག་ཀྱང་གནང་ངོ་། །དེ་ནས་ཡོས་ལོ་ཟླ་བ་བཅུ་གཅིག་པའི་ནང་དུ་མི་དབང་ཆེ་པོས། དཔོན་ས་གོང་མའི་དྲུང་དུ་ཞག་འགའ་བཞུགས་པའི་ཚེ། མགུལ་ཤིན་ཏུ་མཉེལ་བ་ཞིག་བྱུང་བ་ལ་མྱུར་བར་རྒྱལ་ཆེན་གླིང་དུ་ཕེབས། བར་ཆད་སེལ་བའི་ཚེ་རྟ་དང། སྔར་གྱི་གདམས་པ་ཟབ་མོ་ལ་གསལ་འདེབས་དགོས་ཚུལ་ཕུལ་བ་ན། ད་རེས་བཀའ་བཞིན་བྱེད། ལར་ངེད་རང་ཡོན་མཆོད་ཆོས་ཀྱིས་འབྲེལ་བ་ལ་རྒྱུ་མཚན་ཆེད་གཞན་ཆེར་མེད། བྱང་ཆུབ་བསྒྲུབ་པའི་གྲོགས་ལ་ཕན་དགོས་པར་འདུག། དེ་ཡང་ངེད་ལ་ཆོས་སྦྱོར་དྲུག་ཟེར་བ་ཅིག་ཡོད་པ་འདི་ཁྱོད་ལ་འཕྲོད་ཙམ་ཅིག་བྱུང་ན། མི་རྒན་སེམས་ཀྱི་ཁོ་ཐག་ཆོད་པ་ཡིན་ཏེ། སྡེ་པ་ཐུགས་བྲེལ་ཆེས།